རང་རྒྱལ་གྱི་མཁའ་བསྐྱོད་མ་གྲུ་གསུམ་པ་མཚོར་ཞུགས་ཤིང་མིང་བཏགས་ཡོད།

སྐལ་ཐུབ་ཀྱིས་བསྒྱུར།        2022-06-27

    རང་རྒྱལ་གྱི་མཁའ་བསྐྱོད་མ་གྲུ་གསུམ་པ་མཚོར་ཞུགས་ཤིང་མིང་བཏགས་ཡོད།

   སྤྱི་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རང་རྒྱལ་གྱི་མཁའ་བསྐྱོད་མ་གྲུ་གསུམ་པ་མཚོར་ཞུགས་ཤིང་མིང་བཏགས་པའི་མཛད་སྒོ་ཀྲུང་གོ་གྲུ་གཟེངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ཅང་ནན་གྲུ་གཟེངས་བཟོ་གྲྭར་གཉེར་བ་རེད། ཀྲུང་དབྱང་དམག་ཨུས་ཆོག་མཆན་སྤྲད་དེ་རང་རྒྱལ་གྱི་མཁའ་བསྐྱོད་མ་གྲུ་གསུམ་པ་ལ་མིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ཧྥུ་ཅན་མ་གྲུ་ཞེས་བཏགས་པ་དང་། གྲུ་གཞོགས་ཀྱི་ཨང་རྟགས18ཡིན། ཧྥུ་ཅན་མ་གྲུ་ནི་རང་རྒྱལ་ཁོ་ནས་ཇུས་འགོད་བཟོ་སྐྲུན་བྱས་པའི་འཕེན་གཏོང་རིགས་ཀྱི་མཁའ་བསྐྱོད་མ་གྲུ་ཐོག་མ་ཡིན་ཞིང་། ཐད་རྒྱུག་གྲུ་པང་རིང་པོ་སྤྱད་ཡོད་པ་དང་གློག་སྡུད་འཕེན་གཏོང་དང་བཀག་འགོག་སྒྲིག་ཆས་སྤྲས་ཡོད། ཆུ་འབུད་ཚད་ཆེ་ཤོས་ཏུན་ཁྲི8ལྷག་ཡིན། མ་གྲུ་དེ་མཚོར་ཞུགས་རྗེས་འཆར་གཞི་ལྟར་མ་ལག་སྒྲིག་སྦྱོར་ཚོད་ལྟ་དང་གྲུ་བསྐྱོད་ཚོད་ལྟ་བྱ་རྒྱུ་རེད། པར་འདི་ནི་ཧྥུ་ཅན་མ་གྲུ་མཚོར་ཞུགས་མིང་བཏགས་ཀྱི་ཡུལ་དངོས་རེད།། 

  • ལེ་ཚན་སྔོན་མ།:བརྗིད་ཆེའི་འཆར་གཞི་གསར་པ་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10