སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།

བདེ་ཆེན་གྱིས་བསྒྱུར་ཞུས་བྱས།        2022-06-24

 སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།

   ཉེ་ཆར། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ས་ཚུགས་ཆེས་ཆེ་བ་དང་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལས་འགོ་བཙུགས་པའི་ལས་གཞི་གཙོ་བོ་སྟེ་འབྲི་ཆུའི་སྟོད་རྒྱུད་ཀྱི་ཞོལ་ལུང་ཆུ་གློག་ས་ཚུགས་ལས་གཞི་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་བསྐྲུན་ཆོག་པའི་ཞིབ་དཔྱད་ཆོག་མཆན་ཐོབ་པ་རེད། དེ་ནི《འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱས་རྗེས་འབྲི་ཆུའི་འབབ་རྒྱུད་དུ་ཞིབ་དཔྱད་ཆོག་མཆན་ཐོབ་པའི་ཆུ་གློག་ས་ཚུགས་ཆེ་གྲས་ཐོག་མ་དེ་རེད།

སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།

    ཞོལ་ལུང་ཆུ་གློག་ས་ཚུགས་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་འཆར་འགོད་རགས་གཅིག་རིམ་པ13པའི་གསར་སྤེལ་ཇུས་གཞིའི་ནང་གི་རིམ་པ12པ་ཡིན་པ་རེད། རང་ཁུལ་གྱི་སྡེ་རོང་རྫོང་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ས་མཚམས་ཀྱི་འབྲི་ཆུའི་ཆུ་ལག་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། ལས་གཞིར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར293གཏང་རྒྱུ་ཡིན་པ་དང་གཞིར་བཞག་མ་འཇོག་སྒོར་དུང་ཕྱུར225ཡིན་ལ། རྒྱལ་ཁབ་ནུས་ཁུངས་ཚོགས་པ་འབྲི་ཆུ་སྤྱི་གཉེར་ཁང་གིས་བསྐྲུན་འགན་ཁུར་ཡོད། ཆུ་གློག་ས་ཚུགས་ལ་འཁོར་མདའ་ལངས་འདྲེས་མའི་ཆུས་བསྐོར་གློག་འདོན་འཕྲུལ་ཚན4སྒྲིག་སྦྱོར་བྱས་ཏེ།འཕྲུལ་འཁོར་གཅིག་གི་ཤོང་ཚད་སྟོང་ཝ་ཁྲི60ལ་ཟིན་པ་དང་།    སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་འབོར་སྟོང་ཝ་ཁྲི240ལ་ཟིན་པ་རེད།

སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།

  གློག་འདོན་ས་ཚུགས་དེ་གཞུ་དབྱིབས་ཅན་གྱི་ཨར་འདམ་ཆུ་རགས་གཉིས་གཤིབ་དང་། ཆུ་རགས་ཀྱི་ཆུ་འབུད་བཟོ་བཀོད་དང་ཆུ་རགས་རྒྱབ་ཀྱི་ཆུ་གསོག་རྫིང་བུ། གཡས་ངོགས་ཀྱི་ས་འོག་ཆུ་འདྲེན་གློག་འདོན་མ་ལག་དང་ཉ་འགྲོ་སའི་སྒྲིག་ཆས་བཅས་ལས་གྲུབ་པ་དང་། ཆུ་རགས་མཐོ་ཤོས་ཀྱི་མཐོ་ཚད་སྨི213ལ་ཟིན་ཡོད། བསྐྲུན་ཚར་རྗེས་སྔོག་དཔག་བྱས་ན་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར105ཡིན་པ་དང་།ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི315གྲོན་ཆུང་བཏང་ཐུབ་ལ། དབྱང་གཉིས་སོལ་འགྱུར་འབུད་ཚད་ཏུན་ཁྲི786ཉུང་དུ་གཏང་ཐུབ།

སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཆུའི་སྟོད་རྒྱུད་ནི་རང་རྒྱལ་གྱི་ཆུ་གློག་ནུས་ཁུངས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཞོལ་ལུང་ཆུ་གློག་ས་ཚུགས་ནས་གློག་གཏོང་འགོ་བཙུགས་རྗེས། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གསར་སྤེལ་ལ་སྐུལ་འདེད་མགྱོགས་པོར་གཏོང་ཐུབ་ཅིང་། རང་ཁུལ་དང་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གྲུབ་ཆ་སྔར་བས་ལེགས་སུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་བསྐྲུན་རྒྱུར་རོགས་དན་བྱས་ཏེ། རྒྱལ་ཁབ་ཀྱི་ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན་གྱི་དམིགས་འབེན་ལ་ཞབས་འདེགས་ཞུ་ཐུབ་ལ། རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དུ་སླར་ཡང་ཡུལ་སྐོར་མཛེས་ལྗོངས་གསར་པ་ཞིག་བསྣན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གློག་ཚོང་ལས་རྣམ་གསར་པའི་རྟེན་གཞི་ཐོག་མའི་སྒོ་ཕྱེ།
  • དོ་སྣང་ཆེ་བའི་རྩོམ།