དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་མེན་ཧྲན་དུ་སྔོན་ཐོན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

བདེ་སྐྱིད་ཀྱིས་བསྒྱུར།        2022-06-22

དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་མེན་ཧྲན་དུ་སྔོན་ཐོན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།

དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་མེན་ཧྲན་དུ་སྔོན་ཐོན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱེད་བཞིན་པའི་ཚུལ།

སྤྱི་ཟླ6པའི་ཚེས16ཉིན་ནས་ཚེས17ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་བྱས་ཏེ་མེན་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད། མེན་ཧྲན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཡོན་ཁུན་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།གྲོང་དཔོན་ཧོང་ཧོ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

ད་ལོ་ནི་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་བཙུགས་ནས་ལོ10འཁོར་ཞིང་། མིག་སྔར་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་དང་སི་ཁྲོན་ཞིང་ཆེན་གཙོ་གནད་གསོ་སྐྱོང་ཐོན་ལས་གླིང་ཁུལ་གྲས་ཤིག་ཡིན་པ་རེད། སྤེལ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་གཏོང་ཆེད། དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་བཅས་ཕྱོགས་གསུམ་པོའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག་པ་རེད། གན་རྒྱར་བརྟེན་ནས་ཕྱོགས་གསུམ་པོས་སྐྱེ་ཁམས་སྔོན་སྤེལ་དང་བཟང་ཆ་གསབ་རེས། ཚོང་ར་ཡིས་གཙོ་ཁྲིད། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་ཁེ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། རང་རེའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་གླིང་ཁུལ་དུ་ལི་གློག་རྫས་ལྷོ་ནུབ་ཐོན་སྐྱེད་རྟེན་གཞི་བཙུགས་ནས། འཛམ་གླིང་ཐོག་སྔོན་ཐོན་ཡིན་པའི་ལི་གློག་རྫས་དང་འབྲེལ་ཡོད་གློག་རྫས་རྒྱུ་ཆའི་རྣམ་གྲངས་རྟེན་གཞི་དང་རྒྱལ་ཡོངས་ཀྱི་འབྱུང་འཕྲོད་འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་མཚོན་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད། དུས་མཚུངས་སུ་དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། སི་ཁྲོན་འཕེལ་རྒྱས་ཧྲེ་མང་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་ཕྱོགས་བཞི་པོའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག་པ་རེད།།



  • ལེ་ཚན་སྔོན་མ།:བརྡ་ཁྱབ་གལ་ཆེན་འདི་ཁ་ལོ་བ་ཚོས་མི་ཤེས་ཐབས་མེད་རེད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་གླེང་བའི་གསུང་རྩོམ་པར་འགྲེམ་བྱས།
  • དོ་སྣང་ཆེ་བའི་རྩོམ།