རང་ཁུལ་གྱི་གློག་ཚོང་ལས་རྣམ་གསར་པའི་རྟེན་གཞི་ཐོག་མའི་སྒོ་ཕྱེ།

བདེ་ཆེན་གྱིས་བསྒྱུར།        2022-06-24

 རང་ཁུལ་གྱི་གློག་ཚོང་ལས་རྣམ་གསར་པའི་རྟེན་གཞི་ཐོག་མའི་སྒོ་ཕྱེ།

 ཉེ་ཆར། དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་ལས་རྣམ་གསར་པའི་རྟེན་གཞི་སྟེ་ལྕགས་ཟམ་རྫོང་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་དངོས་སུ་ཕྱེ་བ་དང་།སི་ཁྲོན་ཞིང་ཆེན་ཚོང་དོན་ཐིང་གློག་རྡུལ་ཚོང་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དབྱི་ཅ་ཧུའེ་དང་སི་ཁྲོན་ཞིང་ཆེན་གློག་རྡུལ་ཚོང་དོན་མཐུན་ཚོགས། དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས། ལྕགས་ཟམ་རྫོང་མི་དམངས་སྲིད་གཞུང་སོགས་སྡེ་ཁག་གི་འབྲེལ་ཡོད་མགོ་ཁྲིད་དང་ཁེ་ལས་འཐུས་མི་ཁ་ཤས་སྒོ་བྱང་བཀལ་བའི་མཛད་སྒོ་ནང་ཞུགས་པ་རེད།

རང་ཁུལ་གྱི་གློག་ཚོང་ལས་རྣམ་གསར་པའི་རྟེན་གཞི་ཐོག་མའི་སྒོ་ཕྱེ།

    དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་ལས་རྣམ་གསར་པའི་རྟེན་གཞི(ལྕགས་ཟམ་རྫོང་)སྟེ་གནས་མཆོག་དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་ལས་གཉེར་དང་ལེན་བྱས་ཏེ། རྟེན་གཞི་རྒྱ་ཁྱོན་སྨི་གྲུ་བཞི་མ760ལ་ཟིན་པ་དང་། གློག་རྡུལ་ཚོང་དོན་ཐད་གཏོང་ཁང4སྒྲིག་སྦྱོར་བྱས་ཏེ། ཐོན་རྫས་འདེམས་སྒྲུག་ལྟེ་གནས་གཅིག་དང་གསོ་སྦྱོང་ལྟེ་གནས་གཅིག་བཀོད་སྒྲིག་བྱས་ཡོད། ནོར་འདྲུ་དང་འཁྱུག་དབྱིངས། མགྱོགས་འཕྲིན་སོགས་དྲྭ་ཐོག་ལས་སྟེགས་སྦྲེལ་ཞིང་། ལས་སྒོའི་ནང་ཟོག་འདེམས་ཟོང་ཁྱེར་དང་ཐད་གཏོང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ཁུངས་འབྲེལ་མཐུད་བཅས་ཀྱི་ཞབས་ཞུ་ཚུད་ཡོད་པས། དཀར་མཛེས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་བྲིན་རྒྱུག་ཡོང་བར་རོགས་དན་བྱས་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་གྲོང་སྡེའི་ཐོན་ལས་དར་རྒྱས་གཏོང་བར་གློག་རྡུལ་ཚོང་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་རེད།

རང་ཁུལ་གྱི་གློག་ཚོང་ལས་རྣམ་གསར་པའི་རྟེན་གཞི་ཐོག་མའི་སྒོ་ཕྱེ།


   བྱེད་སྒོ་ལས་ཡུལ་དུ་གནས་མཆོག་དཀར་མཛེས་ཁུལ་གློག་རྡུལ་ཚོང་དོན་ཚན་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་ལྷད་མེད་ཚོང་ར་ཞེས་པའི་བསྒྲིགས་རིམ་ཆུང་ངུ་དྲྭ་ཐོག་དངོས་སུ་ཁྱབ་སྤེལ་བྱས་ཏེ། ཁེ་ལས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ལྷད་མེད་ཚོང་རའི་བསྒྲིགས་རིམ་ཆུང་ངུ་འཁོར་སྐྱོད་ཚོང་གཉེར་དང་། ཚོང་པ་ཞུགས། ཐོན་རྫས་བཤམས་པ་སོགས་ནང་དོན་ལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། སྒོ་བྱང་ཕྱེ་བའི་མཛད་སྒོ་གྲོལ་རྗེས། རྟེན་གཞི་རུ་དུས་ཡུན་ཆུ་ཚོད2ལྷག་གི་ཟོག་འདྲེན་ཐད་གཏོང་ཐོག་མ་བྱས་ཤིང་། དཀར་མཛེས་ཁུལ་གྱི་རང་ས་གནས་ཀྱི་ཁྱད་ཆོས་ཞིང་ལས་ཐོན་རྫས15དྲྭ་ཐོག་ནས་ཐད་གཏོང་བྱས་ཏེ། ཕྱིར་འཚོང་ཚོང་ཟོག་མངག་ཐོ167བཀོད་པ་དང་། ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་ཁྲི2རག་པ་རེད།



  • ལེ་ཚན་སྔོན་མ།:སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།