རང་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས13པ་འཚོག་འགོ་ཚུགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-06-21

རང་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས13པ་འཚོག་འགོ་ཚུགས།

ཚོགས་ཆེན་གྱི་ཚོགས་ར་རེད།


   སྤྱི་ཟླ6པའི་ཚེས20ཉིན། དཀར་མཛེས་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དར་མདོར་འཚོག་འགོ་ཚུགས་པ་རེད། ཁུལ་ཡོངས་ཀྱི་ས་གནས་ཁག་གི་འཐབ་ཕྱོགས་སོ་སོ་ནས་འོངས་པའི་འཐུས་མི་ངོ་མ220དང་ཆེད་དུ་གདན་ཞུས་འཐུས་མི12ཀྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོའི་མངགས་བཅོལ་གལ་ཆེན་ཕྲག་ཐོག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་འགོ་ཚུགས་ཚོགས་འདུར་ཞུགས་པས་མ་ཚད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ཏུ་ཕེབས་སྐབས་མཛུབ་སྟོན་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བུད་མེད་ཀྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། བུད་མེད་མཉམ་འབྲེལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དགོས་ངེས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པ་དང་། དཀར་མཛེས་ཁུལ་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

     ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་དབྱང་ཧུའེ་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པས་མ་ཚད་གསུང་བཤད་གནང་བ་རེད། ཚོགས་འདུ་དེ་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སངས་དགའ་ཡིས་གཙོ་སྐྱོང་གནང་བ་རེད། 

   ཧྲེན་དབྱང་གིས་གསུང་བཤད་གནང་སྐབས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཁོལ་བའི་ངང་ནས་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་དེ་བཞིན་བུད་མེད་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་ཁུལ་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་བུད་མེད་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་བསྒྱུར་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱ་ཆེའི་བུད་མེད་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་ཀའི་སྲོག་རྩ་དམ་པོར་འཛིན་ཞིང་།  ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ལ་མཐུན་སྒྲིལ་བྱེད་པ་དང་ཡང་སྒོས་སུ་བུད་མེད་རྣམས་སྐྱེས་པ་ལས་དཔའ་མི་ཉམས་པའི་འབད་བརྩོན་བྱས་པ་དང་སྦྲགས། དུས་རབས་དང་མཉམ་དུ་འཕེལ་རྒྱས་གཏོང་བ། བྱ་གཞག་དང་མཉམ་དུ་མདུན་སྐྱོད་བྱས་ནས་སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད་རྒྱ་ཆེའི་བུད་མེད་ཚོའི་དམིགས་བསལ་ཁྱད་ཆོས་དང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་།དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་སྐྱེས་པ་ཕོ་ལས་མི་ཉམས་པའི་ནུས་པ་འདོན་སྤེལ་བྱས་ཤིང་། དེའི་ཁྲོད་འབད་བརྩོན་ལྷོད་མེད་དང་བློ་རྩ་བརྟན་པོ། བློ་གྲོས་ཆེན་པོ་བཅས་ཀྱི་དུས་རབས་གསར་པའི་དཀར་མཛེས་ཁུལ་བུད་མེད་ཀྱི་ཉམས་འགྱུར་མངོན་ཡོད་རེད་ཅེས་གསུངས་པ་རེད། 

     ཧྲེན་དབྱང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་ལས་དོན་དང་བུད་མེད་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དེ་ཕྱོགས་སོ་སོ་ལ་ཁྱབ་པ་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ཆབ་སྲིད་རང་བཞིན་དང་།སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས་བུད་མེད་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས“ཏང་གི་རྗེས་སུ་འབྲངས་ནས་འབད་འཐབ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་བུད་མེད་ཀྱིས་བྱས་རྗེས་འཇོག་པའི་དུས་རབས་གསར་པ”གཏོད་དགོས།  ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་བུད་མེད་འཕེལ་རྒྱས་གཏང་རྒྱུ་ཟུང་འབྲེལ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས། ཤུགས་རྒྱག་ས་བཅས་གནད་དུ་འཁེལ་བ་བཙལ་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏང་དགོས། འབྲེལ་ཟམ་དང་སྦྲེལ་ཐག་དང་ལས་རོགས་ནུས་ལྡན་ཞིག་བྱས་ནས་བུད་མེད་མང་ཚོགས་ལ་དོ་ཁུར་དང་།སེམས་ཁུར། གཅེས་སྐྱོང་བྱས་ཏེ་བཅའ་ཁྲིམས་ལྟར་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་དར་ཆ་ཆེན་པོ་བསྒྲེང་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཁྱིམ་ཚང་ལས་དོན་སྤེལ་བའི་ཐུན་མིན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་ལེན་མཐའ་གཅིག་ཏུ་བྱས་ཏེ་དར་ཆ་གསལ་པོས་བུད་མེད་ལ་མཐོང་ཆུང་དང་བུད་མེད་ལ་དམའ་འབེབས་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་ལ་འཐབ་རྩོད་བྱ་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་བསྒྱུར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་དྲག་ཏུ་བཏང་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དེ་བས་གསོན་ཤུགས་ལྡན་པ། དེ་བས་བརྟན་ལ་བློས་འགེལ་ཆོག་པ་ཞིག་ཡོང་བ་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་དགོས།  རིམ་ཁག་ཏང་ཨུ(ཏང་ཙུའུ)ཨུས་ཏང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་སྔར་བས་ལེགས་བཅོས་བྱས་ཏེ།  བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་གསར་གཏོད་ཀྱི་རང་བཞིན་གྱིས་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་མཐོང་ཆེན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་བུད་མེད་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཡོངས་སུ་བུད་མེད་ཀྱི་གོ་བབ་ལ་བརྩི་འཇོག་དང་།བུད་མེད་ཀྱི་ལས་དོན་ལ་སེམས་ཁུར། བུད་མེད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏང་དགོས། 

    དབྱང་ཧུའེ་ཡིས་སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་མཛད་དེ་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།  ཁོང་གིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བུད་མེད་ཀྱི་བྱ་གཞག་དང་བུད་མེད་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ནས་དཀར་མཛེས་ཁུལ་གྱི་བུད་མེད་བྱ་གཞག་དང་བུད་མེད་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་བྱ་གཞག་རླབས་པོ་ཆེའི་འཛུགས་སྐྲུན་པ་དང་དཔལ་ཡོན་དར་སྲོལ་དར་སྤེལ་གཏོང་མཁན། ཕུགས་འདུན་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་པ་དང་མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་དང་ཁྱིམ་ཚང་གི་འཚོ་བའི་ཁྲོད་ཀྱི་བུད་མེད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། མ་སྐུལ་དང་བླངས་ཀྱིས་ལས་གནས་ཐོག་གཞི་ཚུགས་ནས་བྱས་རྗེས་གསར་པ་བཞག་པ་བཅས་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དར་རྒྱས་གཏོང་བ་དེ་སྐས་རིམ་གསར་པར་བསླེབ་རྒྱུར་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་བྱས་རྗེས་སུ་གཞག་རྒྱུའི་རེ་བ་ཡོད། རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཞབས་ཞུའི་འབྲེལ་གཏུག་ལས་དོན་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན།མང་ཚོགས་རང་བཞིན་སྲུང་འཛིན་དང་ཇེ་དྲག་ཏུ་བཏང་ནས“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་གྱིས་བརྩི་བཀུར་ཞུ་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས་རྒྱ་ཆེའི་བུད་མེད་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། རྒྱ་ཆེའི་བུད་མེད་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་བདག་པོའི་སྙིང་སྟོབས་ངར་སློང་ཡོང་བར་བྱ་དགོས། དཀར་མཛེས་ཁུལ་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་མུ་མཐུད་ནས་མཐོང་ཆེན་བྱས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་གཏོང་བའི་ཁྲོད་བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་བུད་མེད་བྱ་གཞག་འཕེལ་རྒྱས་སྐས་རིམ་གསར་པར་བསླེབ་རྒྱུར་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    ཚོགས་འདུའི་ཐོག་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ལྷན་གྱི་ལས་དོན་སྙན་ཞུ་ལ་ཉན་པ་དང་། དཀར་མཛེས་ཁུལ་གྱི་མི་དམངས་ཚོགས་པའི་འཐུས་མིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་བ་རེད།

   ཁུལ་གྱི་མགོ་ཁྲིད་རིན་ཆེན་དང་བསོད་ནམས་དབྱངས་ཅན། ཆུས་མེ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རུལ་རྒོལ་འཐབ་རྩོད་སྐོར་ནན་གསུང་འདི་ལྟར་གནང་།
  • ལེ་ཚན་རྗེས་མ།:བརྡ་ཁྱབ་གལ་ཆེན་འདི་ཁ་ལོ་བ་ཚོས་མི་ཤེས་ཐབས་མེད་རེད།
  • དོ་སྣང་ཆེ་བའི་རྩོམ།