བརྡ་ཁྱབ་གལ་ཆེན་འདི་ཁ་ལོ་བ་ཚོས་མི་ཤེས་ཐབས་མེད་རེད།

ཐུབ་ཀྱིས་བསྒྱུར།        2022-06-21

       སྤྱི་ཚེས20ཉིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ལམ318པ་དར་མདོ་ནས་རྒྱུ་ལའི་ལ་ཉག་བར་གྱི་བཅོས་སྒྲིག་ཨར་ལས་ལ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་བརྡ་ཁྱབ་བཏང་བ་སྟེ། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཤམ་ལྟར།

གཅིག། བཀག་སྡོམ་ལམ་མཚམས།

   རྒྱལ་ལམ318པ་དར་མདོ་གྲོང་ཁྱེར་ལམ་ཁ་བྲ་གྲོང་སྡེ་ནས་རྒྱུ་ལའི་ལ་ཉག་བར། ཨར་ལས་སྤྱི་ལེ30.453ཡོད།

གཉིས། བཀག་སྡོམ་དུས་ཚོད།

   ལམ་ཟམ་ཨར་ལས་བྱེད་པའི་དུས་རིམ། 2022ལོའི་ཟླ་བ6པའི་ཚེས25ནས2022ལོའི་ཟླ་བ11པའི་ཚེས30ཉིན་བར།

གསུམ། བཀག་སྡོམ་བྱེད་སྟངས།

    2022ལོའི་ཟླ་བ6པའི་ཚེས25ནས2022ལོའི་ཟླ་བ11པའི་ཚེས30ཉིན་བར། འཁོར་བྱང་སྔོན་པོའི་རིགས་ཏེ་རླངས་འཁོར་ཆུང་གྲས་ཡིན་ན་ཞིང་ཆེན་གཞུང་ལམ434དར་མདོའི་གཡག་རྭ་ལྟག་སྒོ་ནས་ལྷ་སྒང་བར་སླེབས་རྗེས་ཕྱོགས་བགོ་བ་སྟེ། ལམ་ཐིག་ཞིབ་ཕྲ་ནི། ཁྲེང་ཏུའུ་ནས་རྒྱལ་ལམ318པ་དར་མདོ་གྲོང་ཁྱེར་བརྒྱུད་མཚམས་འཛམ་བྲག་རིའི་ཕུག་ལམ་དང་། དེ་ནས་ཞིང་ཆེན་གཞུང་ལམ434དར་མདོའི་གཡག་རྭ་ལྟག་སྒོ་ནས་ལྷ་སྒང་བར་ཡིན། འཁོར་བྱང་སེར་པོའི་རིགས་ཏེ་ཟོང་འཁོར་དང་ཡུལ་སྐོར་འགྲུལ་འཁོར། ལམ་གཏན་འགྲུལ་འཁོར་སོགས་ཡིན་ན། ཕྱོགས་གཅིག་རླངས་འཁོར་མཇུག་མའི་ལམ་ལུགས་ལྟར་མངག་པའི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ། དུས་ཚོད་ཉིན་རེའི་སྔ་དྲོའི་ཆུ་ཚོད8:00ནས་དགོང་མོའི་ཆུ་ཚོད20:00བར་ཡིན་ལ། དེ་མིན་གྱི་དུས་ཚོད་ལ་འཁོར་རིགས་འགྲོ་ཆོག།

བཞི། བཀག་སྡོམ་འཁོར་རིགས།

འཕྲུལ་སྒྲུལ་འཁོར་རིགས་སྣ་ཚོགས།

ལྔ། བཀག་སྡོམ་ས་ཚུགས་དང་སྐོར་ལམ།

   འགོ་འཛུགས་ས་རྒྱལ་ལམ318པ་དར་མདོ་གྲོང་ཁྱེར་བརྒྱུད་མཚམས་ཡིན། མཇུག་རྫོགས་ས་དར་མདོ་གྲོང་ཁྱེར་རྒྱུ་ལའི་གནམ་ཐང་གི་ལམ་མདོ་ཡིན། དར་མདོ་གྲོང་ཁྱེར་རླངས་འཁོར་དོ་དམ་ཁང་ནས་རྒྱུ་ལའི་ཕྱོགས་སུ་སྨི200ཡི་ས་ལ་བཀག་སྡོམ་ས་ཚུགས་གཅིག་བཙུགས་ཡོད།

    སྐོར་ལམ་དང་པོ། དབལ་གསེས་ལུང་པ་ནས་རོང་བྲག་རྫོང་། དེ་ནས་རྟའུ་རྫོང་དཔལ་སྨད་གྲོང་རྡལ། དེ་ནས་ཁྲོན་བོད་བྱང་རྒྱུད་རྒྱལ་ལམ317པ་ནས་བོད་ལྗོངས་སུ་བསྐྱོད་པ།

    སྐོར་ལམ་གཉིས་པ། དབལ་གསེས་ལུང་པ་ནས་རོང་བྲག་རྫོང་། དེ་ནས་རྟའུ་རྫོང་དཔལ་སྨད་གྲོང་རྡལ། དེ་ནས་ར་རྔ་ཁའི་བལ་གསེད་གྲོང་སྡེ། དེ་ནས་ཁྲོན་བོད་ལྷོ་རྒྱུད་རྒྱལ་ལམ318པ་ནས་བོད་ལྗོངས་སུ་བསྐྱོད་པ།

དྲུག། འབྲེལ་ཡོད་བླང་བྱ།

   གཅིག་ནི་ཁ་ལོ་བ་རྒྱ་ཆེན་གྱིས་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཐོག་ཡུལ་དངོས་བཀོད་འདོམས་མི་སྣའི་བཀོད་འདོམས་ལ་ཉན་པ་དང་། འགྲིམ་འགྲུལ་མཚོན་རྟགས་ལྟར་གོ་སྒྲིག་ཡོད་པའི་སྒོ་ནས་འགྲོ་དགོས། གཉིས་ནི་འབྲེལ་ཡོད་ཁ་ལོ་བས་འགྲོ་སྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱ་དགོས། གསུམ་ནི་གཞུང་ཕྱོགས་དང་དམག་ཕྱོགས་ཀྱི་ཁ་ལོ་བས་དཔེ་སྟོན་ཡག་པོ་བྱ་དགོས། བཞི་ནི་བརྡ་ཁྱབ་འདི་དང་འགལ་བའི་མི་དང་ལས་ཁུངས་ལ་འབྲེལ་ཡོད་བཅའ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ།


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ལས་ཁུངས།

2022ལོའི་ཟླ་བ6པའི་ཚེས20ཉིན་ལ།

བརྡ་ཁྱབ་གལ་ཆེན་འདི་ཁ་ལོ་བ་ཚོས་མི་ཤེས་ཐབས་མེད་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས13པ་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་མེན་ཧྲན་དུ་སྔོན་ཐོན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།