དཀར་མཛེས་ཁུལ་དུ་སླར་ཡང་ཡུལ་སྐོར་མཛེས་ལྗོངས་གསར་པ་ཞིག་བསྣན།

ཨ་མགོན་གྱིས་བྲིས།        2022-06-23

   དཀར་མཛེས་ཁུལ་དུ་སླར་ཡང་ཡུལ་སྐོར་མཛེས་ལྗོངས་གསར་པ་ཞིག་བསྣན།

   ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་གྲབས་ཡོད་པའི་སྐབས་སུ་གསར་འགོད་པས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རིམ་འདས་ལས་གྲྭའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ནས་ཤེས་རྟོགས་བྱུང་དོན།ལས་གཞིའི་དུས་ཐེངས་དང་པོར་ཚོད་ལྟར་སྤྱོད་པའི་ཤེལ་གྱི་དོས་ལམ་འདི“རྣམ་པ་གསར་རྐྱང”གི་བརྗིད་ཉམས་ཕྱུག་སྟེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད། མཛེས་ལྗོངས་ཁུལ་དེ་ནི་རང་རེའི་ཁུལ་གྱི་ཨང་དང་པོ་ཡིན་པ་དང་ཆབས་ཅིག། རྒྱལ་ཁབ་ནང་ཁུལ་ལའང་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་འོག་གི་བར་སྣང་དུ་ཤེལ་གྱི་དོས་ལམ་དང་མཆོང་ལྡིང་བྱེད་ས་གཅིག་འདུས་ཀྱི་ལས་གཞི་ཐོག་མ་ཡིན་པ་རེད། སི་ཁྲོན་མཁའ་ལམ་སྣང་བརྙན་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལྕགས་ཟམ་ཁའི་ཡན་ལག་སྤྱི་གཉེར་ཁང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་ཡུལ་དངོས་འགན་འཁུར་བ་ཝང་ཝུན་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན།ལས་གཞིའི་དུས་ཐེངས་དང་པོར་ཤེལ་གྱི་དོས་ལམ་ཕུད་ཁ། ཕྱིན་ཆད་ད་རུང་སའི་གོ་ལ་ཧྲིལ་པོར་མཐོ་ཤོས་ཨང་གསུམ་པ་ཡིན་པའི་མཆོང་ལྡིང་བྱེད་སའི་སྒོ་མོ་འབྱེད་རྒྱུ་ཡིན་པ་རེད། (མཆོང་ལྡིང་བྱེད་སྟེགས་ཀྱི་མཐོ་ཚད་སྨི239ཡིན་པ།)

    རིང་ཚད་བསྡོམས་འབོར་སྨི104(ལྕགས་ཟམ་ཟམ་པ་རིང་ཚད་དང་མཚུངས)དང་ཞེང་ཚད་སྨི3.2ཡོད་པའི་ཤེལ་གྱི་དོས་ལམ་དེ་ནི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དུ་གནས་པའི་རིམ་འདས་ལས་གྲྭ་དེ་ནི་ཟམ་ཆེན་དཀྱིལ་གཞུང་ནས་ཕྱོགས་གཉིས་སུ་སྣུར་སྲིང་བྱས་པ་རེད། ཤེལ་གྱི་དོས་ལམ་གྱི་གྲུབ་ཆ་གཙོ་བོ་ནི་ལྕགས་གདུང་གི་གྲུབ་ཚུལ་ཡིན་པ་དང་།ཤེལ་གྱི་ངོས་པང་ནི་ངར་ལྕགས་དཀར་པོ་ཉིས་བརྩེགས་ཅན་ཡིན་པ་རེད།

མང་དུ་ཐོན་པའི་མཛེས་ལྗོངས། 

རང་རེའི་ཁུལ་གྱིས“མགྱོགས་སྐྱོད་དལ་སྐོར”གྱི་འགྲིམ་འགྲུལ་དྲ་བ་ཇེ་མགྱོགས་སུ་བསྐྲུན།

    ཉེ་བའི་ལོ་ཤས་རིང་།རང་རེའི་ཁུལ་གྱིས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་དང་གཏོང་བཞིན་ཡོད། གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི“ཤེལ་གྱི་དོས་ལམ་དང་བར་སྣང་མཆོང་ལྡིང”མཉམ་འདྲེས་ཀྱི་ལས་གཞི་ནི་འགྲིམ་འགྲུལ་འཛུགས་སྐྲུན་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་བཏང་བ་རེད། ཝང་ཝུན་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཡུག་སྦྲེལ་གྱི་རང་བྱུང་ས་ཁམས་ཀྱི་ཆ་རྐྱེན་དང་མ་འོངས་པའི་ལས་གཞི་གྲུབ་སྟངས་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་དམིགས་ནས “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་སྤྱི་གཉེར་ཁང་དེས་སི་ཁྲོན་གྱི《“འགྲིམ་འགྲུལ་དང་ཡུལ་སྐོར” མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཆེད་དོན་བྱ་སྤྱོད་འཆར་གཞི》སྔར་བས་ལག་བསྟར་དོན་འཁྱོལ་བྱས་ནས“ལྟེ་གནས་གཅིག། སྐོར་ལམ་གཅིག། གླིང་ཁུལ་བཞི”(ཞབས་ཞུ་སྣེ་ལེན་ལྟེ་གནས་དང་།ཡུལ་སྐོར་ལྟ་སྐོར་སྐོར་ལམ།པིན་ཧུའུ་མཚེའུ་ཡི་སྤྲོ་གསེང་གླིང་ཁུལ།རྒྱལ་ཁབ་ཆེན་པོའི་ལག་ཤེས་མྱོང་རོལ་གླིང་ཁུལ།ཟམ་ཆེན་གྱི་རིམ་འདས་ལུས་རྩལ་གླིང་ཁུལ།རི་ཀླུང་དང་ཕྱི་རོལ་ལུས་རྩལ་གླིང་ཁུལ)བཅས་ཀྱི་འཛུགས་སྐྲུན་དམིགས་ཡུལ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་འགན་ལེན་བྱ་རྒྱུ་རེད། 

   “གཞུང་ལམ་ལ་ཆ་བཞག་ནས་བཤད་ན་འགྲོ་འོང་གི་དགོས་མཁོ་ཙམ་དུ་མ་ཟད་མཛེས་ལྗོངས་ཤིག་ཀྱང་ཡིན་པ་རེད།གཞུང་ལམ་ལ་གཞིགས་ནས་ཡུལ་སྐོར་གྱི་ནང་དོན་སྔོག་འདོན་བྱས་ཏེ་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས” ཝང་ཝུན་ཞང་གིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་སྤྱི་གཉེར་ཁང་གིས་ལམ་རྒྱུད་ཀྱི་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ་ལྗང་མདོག་དང་མཛེས་ལྗོངས་རིམ་སྤོར་བྱས་ནས“དལ་འགྲོའི་ཡུལ་སྐོར”གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།


དཀར་མཛེས་ཁུལ་དུ་སླར་ཡང་ཡུལ་སྐོར་མཛེས་ལྗོངས་གསར་པ་ཞིག་བསྣན།

   “འགྲིམ་འགྲུལ་ལས་གྲྭ་དེ་བགྲོད་ལམ་འཛུགས་སྐྲུན་ཁོ་ན་ཙམ་མ་ཡིན་པར་འགྲིམ་འགྲུལ་ལས་གྲྭ་དེ་ཉིད་ཡུལ་སྐོར་ལས་རིགས་ཤིག་ཏུ་བརྩིས་ནས་འཛུགས་སྐྱོང་བྱས་པ་དང་ཆབས་ཅིག།  གཞུང་ལམ་ལ་གཞིགས་ནས་ཡུལ་སྐོར་གྱི་ནང་དོན་སྔོག་འདོན་བྱས་ཏེ་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏང་དགོས” ཝང་ཝུན་ཞང་གིསཡུལ་སྐོར་ནི་འགྲོ་འདུག་མཉམ་གནས་བྱས་ནས་རིམ་བཞིན་མྱོང་ཚོར་བྱེད་སྟངས་ཤིག་ཡིན་པ་རེད། འགག་རྩ་ནི་ཡུལ་སྐོར་བ་ལདལ་པོབྱེད་བཅུག་རྒྱུ་དེ་རེདཅེས་བཤད་པ་རེད། ཁོསགཞུང་ལམ་བརྒྱུད་ཡུལ་དུ་ང་ཚོས་ད་དུང་རླངས་འཁོར་འཇོག་ས་དང་། ཡུལ་སྐོར་སྤྱི་པའི་གསང་སྤྱོད་ཁང་།ཡུལ་སྐོར་ས་ཚུགས་སོགས་ཞོར་གཏོགས་སྒྲིག་བཀོད་ཀྱི་ལེ་ལག་ཚང་བ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་ཆབས་ཅིག། ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་སྤྲོ་གསེང་དལ་པོ་བྱེད་སའི་སྐྱེ་ཁམས་གླིང་ཁུལ་འཛུགས་སྐྱོང་བྱས་ནས་ཡུལ་སྐོར་བ་ཚོར་སྤྲོ་གསེང་གཏོང་འཇུག་རྒྱུ་ཡིནཞེས་བཤད་པ་རེད། ཝང་ཝུན་ཞང་གིས་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་ང་ཚོའི་རྫ་གླིང་གྲོང་སྡེའི་འགྲམ་དུ་ཡོད་ཅིང་། ཕྱིན་ཆད་ང་ཚོས་གཙོ་གནད་ཐོག་ཁྱིམ་གཞིས་འགྲུལ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྩེར་སོན་གྱི་ཁྱིམ་གཞིས་འགྲུལ་ཁང་བསྐྲུན་རྒྱུ་ཡིན། ཁྱིམ་གཞིས་འགྲུལ་ཁང་རྩེར་སོན་ཅན་དང་ཁྱད་ཆོས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་སློང་བྱས་ཏེ་ཁྱིམ་གཞིས་འགྲུལ་ཁང་ཚོང་གཉེར་བྱེད་སྟངས་ཚད་ལྡན་དང་སྤུས་ཀ་ཇེ་བཟང་། ཞབས་ཕྱི་བསྒྲུབས་ནས་མི་གནས་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

   “ཤེལ་གྱི་བར་ཁྱམས་བསྐྲུན་ནས་ལམ་རྒྱུད་ཀྱི་མཛེས་ལྗོངས་འབྲེལ་གཏུག་བྱས་མཐར།ཡུག་སྦྲེལ་ཐོན་ལས་མཉམ་འདྲེས་བྱས་ནས་ས་གནས་དེ་གའི་མི་སེར་ལ་བདེ་སྐྱིད་བསྐྲུན” ཝང་ཝུན་ཞང་གིས་དངོས་སུ་ལས་གཉེར་བྱས་རྗེས་ཡུལ་སྐོར་ཐོན་ཁུངས་ལ་གཞིགས་ནས་མཛེས་སྡུག་ལྡན་པའི་གཞུང་ལམ་བསྐྲུན་རྒྱུ་དང་།རྩེར་སོན་གྱི་ཡུལ་སྐོར་ལམ་གྱི་ལམ་ཐིག་ཁག་ཅིག་བསྐྲུན་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་པོར“ཡུལ་སྐོར་གྱི་ཡོང་འབབ”རག་རྒྱུ་བཅས་ལ་དམིགས་ནས་ཡུལ་སྡེ་དར་རྒྱས་གཏང་རྒྱུ་རེད། ལྕགས་ཟམ་ཁ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱིས་ད་ཡོད་ཀྱི་མཛེས་ལྗོངས་ལམ་དང་རྒྱལ་སྲུང་གཞུང་ལམ318པ་ཟུར་ཐིག་བྱས་ནས་ཕྲེང་བརྒྱུས་སྦྲེལ་སྟར་བྱས་ཏེ་གཙོ་ཐིག་སྦྲེལ་མཐུད་དང་ཟུར་ཐིག་འཁོར་སྐྱོད། ཡུག་སྦྲེལ་ཁུལ་དེ་ལ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་སའི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པར་བྱ་རྒྱུ་རེད། 

    གཞན་ཡང་སི་ཁྲོན་མཁའ་ལམ་སྣང་བརྙན་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལྕགས་ཟམ་ཁའི་ཡན་ལག་སྤྱི་གཉེར་ཁང་དང་སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་བར་མཉམ་ལས་གྲོས་མཐུན་བཞག་ནས་ལས་གཞི་དེ་ལྕགས་ཟམ་ཁའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་རྩེ་གྲ་གསུམ་ནང་བཞག་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།
  • ལེ་ཚན་རྗེས་མ།:སྡེ་རོང་དང་བདེ་ཆེན་ས་མཚམས་སུ་ཆུ་གློག་ས་ཚུགས་བསྐྲུན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།