ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་གླེང་བའི་གསུང་རྩོམ་པར་འགྲེམ་བྱས།

ཨོ་རྒྱན་གྱིས་བསྒྱུར།        2022-06-23

     ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ》ཞེས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད།

     ཆེད་དོན་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་ཏང་གི་གཞོན་ནུའི་ལས་དོན་སྐོར་གྱི་རྩོམ་ཡིག་གལ་ཆེན60བསྡུས་ཡོད་ཅིང་། དེའི་ནང་གི་རྩོམ་ཡིག་ཁ་ཤས་ཡོངས་བསྒྲགས་སུ་འགྲེམ་སྤེལ་བྱེད་ཐེངས་དང་པོ་རེད།

     གཞོན་ནུ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། ཏང་གི་མ་འོངས་པ་དང་རེ་བ་ཡང་ཡིན། རྒྱ་ཆེ་བའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེ་བའི་གཞོན་ནུའི་ཡིད་ཆེས་ཐོབ་པར་བྱེད་པ། རྒྱ་ཆེ་བའི་གཞོན་ནུར་རེ་བ་བཅོལ་བ་བཅས་ནི་རང་རེའི་ཏང་འདི་ཉིད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་མི་ཆད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད།

     ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བྱ་གཞག་གཅིག་རྒྱུད་གཅིག་འཛིན་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འགུལ་སྐྱོད་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་གིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་ལོ་རྒྱུས་ཐོག་གི་ཀྲུང་དབྱང་གི་མང་ཚོགས་ཚོགས་པའི་ལས་དོན་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོག་བྱེད་པ་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་གཞོན་ནུ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་པོ་དངོས་སུ་བཏོན་ཞིང་། ཏང་གི་ལོ་རྒྱུས་ཐོག་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡིག་ཆ་ཨང་དང་པོར་དཔར་འགྲེམ་བྱས་ཡོད་ལ། གུང་གཞོན་ ཚོགས་པ་བསྒྱུར་བཅོས་བཀོད་སྒྲིག་བྱས་ནས་གཞོན་ནུའི་ལས་དོན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་གཞོན་ནུའི་ལས་ཀར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ།ཏང་གི་གཞོན་ནུའི་ལས་ཀའི་གོ་གནས་དང་ནུས་པ།དམིགས་འབེན་དང་ལས་འགན། འགན་འཁྲི།ལག་ལེན་གྱི་བླང་བྱ་བཅས་གསལ་བཤད་གཏིང་ཟབ་གནང་། དུས་རབས་གསར་པས་གཞོན་ནུ་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་གཞོན་ནུ་གསོ་སྐྱོང་བྱ་རྒྱུ། གུང་གཞོན་ཚོགས་པ་གང་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་གུང་གཞོན་ཚོགས་པ་འཛུགས་སྐྱོང་ཇི་ལྟར་བྱ་དགོས་པ་སོགས་ཁ་ཕྱོགས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན།འཐབ་ཇུས་རང་བཞིན་བཅས་ཀྱི་གལ་ཆེ་བའི་ཞིབ་འཇུག་བྱ་གཞི་ལ་དྲིས་ལན་གདིང་ཟབ་གནང་སྟེ། རང་རེའི་ཏང་གིས་གཞོན་ནུའི་ལས་ཀའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་བ་དང་། དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ལེགས་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་། རྩ་འཛུགས། སྐུལ་སློང་བཅས་སྔར་ལས་ལེགས་པར་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱེད་པར་སློབ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་མེན་ཧྲན་དུ་སྔོན་ཐོན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།
  • དོ་སྣང་ཆེ་བའི་རྩོམ།