དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།

དཔག་བསམ་དང་ཨོ་རྒྱན།        2022-06-23

     དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།

  སྤྱི་ཟླ6པའི་ཚེས20ཉིན། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་དང་། སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏང་བར་ཡིག་གཟུགས་སྦྱོང་མཁན་དང་དགའ་ཞེན་པ་གསོ་སྐྱོང་བྱ་རྒྱུ་བཅས་ལ་དམིགས་ཏེ《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་མི་རིགས་རིག་གནས་འགྲེམ་སྟོན་དང་སློབ་མའི་ཉམས་འགྱུར་མངོན》ཞེས་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་བརྗོད་བྱ་བྱེད་པའི་སློབ་གྲྭའི་སློབ་མ་ཡོངས་ལ་ཁ་གཏད་ནས་ཡིག་གཟུགས་འགྲན་སྡུར་སྐབས་བརྒྱད་པ་དེ་སྤེལ་བ་རེད།

     སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ60ཡི་སློབ་མ600ཐེངས་འདིའི་འགྲན་སྡུར་དུ་ཞུགས། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་སོགས་འགྲན་སྡུར་རབ་དང་རིམ་པ་བརྒྱུད་ནས་མཐར་འཛིན་གྲྭ་རེ་ལ་རྒྱ་བོད་ཡིག་གི་ཡིག་མཁན་སློབ་མ5རེ་བསལ་ནས་རྟིང་རྩོད་འགྲན་སྡུར་དུ་ཞུགས་པ་རེད།

 དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།

     འགྲན་སྡུར་ཡུལ་དངོས་སུ་རྒྱ་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྣ་ཚོགས་མངོན་པར་བྱས་ཤིང་། སློབ་མའི་ཡིག་གཟུགས་ཀྱི་གཞི་རྩའི་རྩལ་ནུས་ལ་ལྟ་ཞིབ་དང་སློབ་མ་ཚོས་ཡིག་གཟུགས་ལ་དགའ་པོ་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད་ལ། ཁོ་ཚོས་རང་ཉིད་ཀྱིས་བྲིས་པའི་སྤུས་ཚད་ལ་མཐོང་ཆེན་བྱས་ནས་ཡིག་གཟུགས་ཡག་པོ་མེད་པའི་གནས་ཚུལ་སྔར་ལས་ལེགས་སུ་བཏང་ཞིང་ཁོ་ཚོར་རང་ཉིད་ངོམས་སའི་གར་སྟེགས་ཤིག་ཀྱང་བསྐྲུན་ཡོད་པ་རེད།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུས།

     མཐར་མཐོ་འབྲིང་ཚོ་ཆུང་ལ་ཨང་དང་པོ་ཐོབ་མཁན2དང་ཨང་གཉིས་པ་ཐོབ་མཁན4། ཨང3པ་ཐོབ་མཁན10དང་། དམའ་འབྲིང་ཚོ་ཆུང་ལ་ཨང་དང་པོ་ཐོབ་མཁན2དང་། ཨང་གཉིས་པ་ཐོབ་མཁན4། ཨང3པ་ཐོབ་མཁན10བཅས་བྱ་དགའ་རབ་དང་རིམ་པ་ཐོབ་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་གཞོན་ནུའི་ལས་དོན་གླེང་བའི་གསུང་རྩོམ་པར་འགྲེམ་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དུ་སླར་ཡང་ཡུལ་སྐོར་མཛེས་ལྗོངས་གསར་པ་ཞིག་བསྣན།
  • དོ་སྣང་ཆེ་བའི་རྩོམ།