རང་རྒྱལ་དུ་འདི་ལོ་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དེ་བཞིན་ཁྲལ་རིན་འགྱངས་འཇལ་བཅས་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2ལྷག་ཙམ་འཕར་བ།

    མི་དམངས་དྲ་བ།    2022-06-13

 གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་གྱི་མིང་ཐོ་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པའི་ནང་། གོ་ལ་ཧྲིལ་པོར་གྲོང་ཁྱེར་25ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ཁྲོད། རང་རྒྱལ་གྱི་ཧོ་ཧྥེ་དང་། ཅིས་ཉིང་། ལེའང་ཕིང་། ནན་ཁྲང་། ཕན་ཅིང་། ཝུའུ་ཧན། ཡན་ཁྲེང་བཅས་གྲོང་ཁྱེར་བདུན་མིང་གྲལ་ནང་ཚུད་ཅིང་། ད་བར་གོ་ལ་ཧྲིལ་པོར་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་43ཡོད་པའི་ཁྲོད་ཀྲུང་གོའི་གྲོང་ཁྱེར་13ཚུད་ནས་ཨང་དང་པོར་སླེབས་ཀྱི་ཡོད།
     རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་ཞེས་པ་ནི། 《འདམ་རའི་སྤྱི་ཆིངས》ཀྱི་གྲོས་ཆོད་གཏན་འབེབས་ཀྱི་གོ་རིམ་དང་བླང་བྱ་ལྟར། ཆིངས་འཇོག་རྒྱལ་ཁབ་ཁག་གིས་མིང་བཏོན་པ་དང《འདམ་རའི་སྤྱི་ཆིངས》རྒྱུན་ལས་ཨུ་ལྷན་གྱིས་ཆོག་མཆན་སྤྲད་རྗེས། “རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”ཞེས་པའི་ཁས་ལེན་ལག་ཁྱེར་ཐོབ་པའི་གྲོང་ཁྱེར་ལ་ཟེར་བ་ཡིན། རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་ཁས་ལེན་ལས་དོན་ནི་་གོ་ལ་ཧྲིལ་པོས་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གསར་གཏོད་བྱ་ཐབས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་གསར་གཏོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིམ་ཁག་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་འདམ་ར་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། གྲོང་ཁྱེར་དང་འདམ་ར་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་དར་སྤེལ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་དང་འདམ་ར་སྲུང་སྐྱོང་བྱ་རྒྱུ་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བའི་ཆེད་དུ་ཡིན་པ་རེད།
     2018ལོར་འཚོགས་པའི《འདམ་རའི་སྤྱི་ཆིངས》ཀྱི་གན་འཇོག་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པར། རྒྱལ་ཁབ་7གྱི་གྲོང་ཁྱེར་18ལ་སའི་གོ་ལའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་མཚན་སྙན་ཐོག་མར་ཐོབ་པ་དང་། ཀྲུང་གོའི་གྲོང་ཁྱེར་6ལ་མཚན་སྙན་དེ་ཐོབ་ཅིང་། 2022ལོའི་ཟླ་དང་པོ་བར། ཀྲུང་གོས་རྒྱལ་སྤྱིའི་འདམ་ར་གཙོ་བོ་64དམིགས་བཙུགས་བྱས་པ་དང་། འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་602དང་འདམ་རའི་སྤྱི་གླིང་1600ལྷག་ཙམ་སྐྲུན་ཡོད་པ་རེད།
     གོམ་སྟབས་རྗེས་མར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་སྤྱིའི་འདམ་ར་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་སྤེལ་བཏང་ནས། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་འདམ་རའི་སྐྱེ་ཁམས་ནུས་པ་སྲུང་སྐྱོང་དང་ཆེ་རུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། འདམ་རས་གྲོང་ཁྱེར་གྱི་མཁའ་རླུང་བརླན་ཚད་མང་དུ་གཏོང་བའི་དམིགས་ཚད་འགྲུབ་རྒྱུ་དང་། རི་ཆུ་ནགས་གསུམ་དང་། ཞིང་ས། མཚོ། རྩྭ་ར་བཅས་ལ་སྤྱི་འདོམས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། སྐྱོན་བྲལ་དང་གཏན་འཇགས་ཀྱི་འདམ་རའི་སྐྱེ་ཁམས་མ་ལག་བསྐྲུན་རྒྱུ། སྲུང་སྐྱོང་དང་བེད་སྤྱོད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མིས་བཟོས་མངོན་ཆེ་བའི་མཛེས་ལྗོངས་བསྐྲུན་རྒྱུ་གཏན་འགོག་བྱས་ཏེ། གྲོང་ཁྱེར་གྱི་འདམ་ར་དེ་མི་དམངས་མང་ཚོགས་ཀྱིས་མཉམ་སྤྱོད་ཐུབ་པའི་སྔོ་ལྗང་ཁུལ་དུ་འགྱུར་བར་བྱེད་རྒྱུ། 《འདམ་རའི་སྤྱི་ཆིངས》ལག་ལེན་བསྟར་ནས་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་ཏེ་རྒྱལ་སྤྱིའི་འདམ་ར་གྲོང་ཁྱེར་སྔོ་ལྗང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ལ་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ཇུས་གཞི་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།