ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།

བདེ་ཆེན་གྱིས་བསྒྱུར།        2022-06-10

    ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།

   ཉེ་ཆར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དངོས་ཟིན་གློག་བརྙན་ཆེ་གྲས་ཏེ《ཕ་ཡུལ་གྱི་དྲན་གདུང》ཞེས་པ་ལས་གནའ་གྲོང་གི་རབ་རིམ་དུ་གཏོགས་པའི་ལི་ཐང་གི་ཚན་པ་དེ་ལི་ཐང་རྫོང་གེ་སར་ཐང་ཆེན་དུ་བརྙན་ལེན་པའི་མཛད་སྒོ་སྤེལ་བ་རེད།

  ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།

   《ཕ་ཡུལ་གྱི་དྲན་གདུང》ཞེས་པ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གཙོས་པའི་དངོས་ཟིན་གློག་བརྙན་ཆེ་གྲས་ཤིག་ཡིན། གནའ་གྲོང་གི་རབ་རིམ་དུ་གཏོགས་པར་མཚོན་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་བདམས་ཏེ། གྲོང་ཁྱེར་ལ་རིག་གནས་ཀྱི་འབྱུང་ཁུངས་འཚོལ་བ་དང་། རིག་གནས་དར་བའི་གོ་རིམ་གསེད་པ། རིག་གནས་དར་སྤེལ་གཏོང་བ་བཅས་ཀྱིས་གཙོ་དོན་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་ཉམས་འགྱུར་མངོན་པ་དང་། ཐུན་མོང་མ་ཡིན་པའི་ཕ་ཡུལ་གྱི་དྲན་ཤེས་ཀུན་ནས་བསླངས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་བརྒྱུད་དེ་བརྙན་པར་གྱིས་ཀྲུང་གོའི་བློ་རིག་གསལ་བཀྲོལ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་གཟི་འོད་ཡོངས་སུ་མཚོན་ཡོད།

  ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།

   ལི་ཐང་གནའ་གྲོང་ནི་མཚོ་འཕགས་སྨི4014.187ཡོད་སར་ཆགས་ཡོད་ཅིང་། འཛམ་གླིང་གི་མཐོ་གྲོང་དང་མཁའ་དབྱིངས་ཀྱི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ་ཡོད། སྐྱིད་ན་རི་འགོའི་རྩྭ་མཉམ་ཟ་དང་སྡུག་ན་ལུང་ཁུག་གི་ཆུ་མཉམ་འཐུང་ཞེས་པའི་གཏམ་དཔེ་ཞིག་ལི་ཐང་དུ་དར་ཁྱབ་ཆེ། གནའ་བོའི་དུས་ནས་བཟུང་ལི་ཐང་ཡུལ་མིས་ཕྱར་བ་གྲུ་འདེགས་ཀྱི་སྲོལ་རྒྱུན་གོམས་སྲོལ་བཟང་པོ་བསྐྱངས་ཡོད། ལོ་སྟོང་གི་ལོ་ཟླ་བརྒྱུད་རྗེས་ལི་ཐང་ཞེས་པའི་ལོ་རྒྱུས་ཐོག་གི་ཚོང་དོན་གྲོང་རྡལ་གལ་ཆེན་དེ་དེང་སང་སྐད་གྲགས་ཆོད་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དེ་ས་ཆ་དེ་གར་མ་ཉམས་པར་གནས་ཡོད། མི་རིགས་ཁག་གི་སྤུན་ཟླ་མིང་སྲིང་ཚོ་ས་དེ་རུ་མཛའ་མཐུན་མཉམ་གནས་བྱེད་བཞིན་ཡོད། ལི་ཐང་བས་ཐོག་མཐའ་བར་གསུམ་དུ་སྔོན་བྱོན་མེས་པོ་ཚོའི་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད་པས། དངོས་ཟིན་གློག་བརྙན་ཆེ་གྲས《ཕ་ཡུལ་གྱི་དྲན་གདུང》ཞེས་པ་ལས་གནའ་གྲོང་གི་རབ་རིམ་དུ་གཏོགས་པའི་ཁྲོད་ལི་ཐང་གི་ཚན་པ་དེ་གདང་གཞི་གཙོ་བོའི་གྲས་སུ་ཚུད་ཡོད་ཅིང་། དབྱར་གནང་གི་དུས་རིམ་དུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ་ནས་གཏང་རྒྱུ་ཡིན་པ་རེད།

 ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།

   ཤེས་རྟོགས་བྱུང་བར་གཞིགས་ན།《ཕ་ཡུལ་གྱི་དྲན་གདུང》ཞེས་པའི་དངོས་ཟིན་གློག་བརྙན་བཏང་ནས་ལོ་བརྒྱད་སོང་རིང་ཁྱབ་སྒྲོག་གི་ཕན་འབྲས་ཆེ་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་གཏོང་བའི་མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཀྱི་བརྩམས་ཆོས་ཡག་ཤོས་ཞེས་པའི་མཚན་སྙན་ཐོབ་ཡོད། ད་སྔའི་བར《ཕ་ཡུལ་གྱི་དྲན་གདུང》ཞེས་པའི་དངོས་ཟིན་གློག་བརྙན་ལེའུ450བཟོས་ནས་བཏང་ཡོད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་ལ་ཕེབས།
  • ལེ་ཚན་རྗེས་མ།:འདབ་པའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།