ཞི་ཅིན་ཕིང་གི་གསུང་རྩོམ་འདི་པར་འགྲེམས་བྱས་འདུག

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2022-06-09

དམག་ཡོངས་ཀྱི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་རྒྱུར་རོགས་རམ་བྱ་རྒྱུ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱ་རྒྱུ། སྲོག་ཤིང་ལ་སྲུང་སྐྱོང་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུད་ཆབ་སྲིད་ལས་དོན་པུས་《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》ཡི་དེབ་གསུམ་པ་རྩོམ་སྒྲིག་དང་པར་འགྲེམས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཤིང་། ཉིན་ཤས་གོང་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་ནས། དམག་ཡོངས་ཀྱིས《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》ཡི་དེབ་གསུམ་པ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུའི་སྒྲིག་འཛུགས་ནན་ཏན་བྱེད་དགོས་པ་དང་། ཤེས་པར་བྱེད་པ་དང་། ཁོང་དུ་ཆུད་པར་བྱེད་པ། དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་བྱ་རྒྱུའི་བླང་བྱ་ལྟར།《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》ཡི་དེབ་གསུམ་པ་སློབ་སྦྱོང་བྱ་རྒྱུ་དེ་《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》ཡི་དེབ་གཉིས་པ། 《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་དོན་གྱི་སློབ་སྦྱོང་རྩ་གནད》བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པ་དང་རྩ་བའི་དགོངས་དོན་རྟོགས་པར་བྱེད་པ། ཚན་རིག་མ་ལག་དང་སྙིང་བཅུད་རྩ་དོན་ཁོང་དུ་ཏན་ཏིག་ཆུད་པར་བྱེད་དགོས། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་རེས་སྐོར་སྦྱོང་བརྡར། དཔུང་སྡེའི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གླིང་དང་སློབ་གྲྭའི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་བཅས་ཚང་མས་《ཞི་ཅིན་ཕིང་གིས་དམག་ཧྲག་དམག་དར་སྐོར་གླེང་བ》ཡི་དེབ་གསུམ་པ་སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩི་དགོས། སྲོག་ཤིང་ལ་བློ་དཀར་སེམས་དཀར་གྱིས་སྲུང་སྐྱོང་དང་བློ་སྟོབས་ཆེན་པོས་འབད་འཐབ་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་གཅིག་སྡུད་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་བཏང་ནས། ཤེས་བྱ་ཡང་དག་སྦྱོང་བ་དང་བདེན་ལུགས་རྟོགས་རྒྱུའི་ཐད་འབད་བརྩོན་བྱེད་དགོས་པ་དང་། ཞིབ་འཇུག་འཆད་འགྲེལ་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་དང་ལག་བསྟར་གྱི་རྣམ་པ་ཟབ་མོ་ཆགས་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སྔོན་ལ་ལག་བསྟར་བྱས་ནས་རང་ཉིད་ཀྱི་སློབ་སྦྱོང་གྲུབ་འབྲས་ལ་བརྟེན་ནས་དཔོན་དམག་ལ་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སློབ་སྦྱོང་དང་བསམ་གཞིགས་བེད་སྤྱོད་བཅས་གཞི་གཅིག་ཏུ་སྦྲེལ་རྒྱུ་དང་ཤེས་རྟོགས་དང་ཡིད་ཆེས་ལག་བསྟར་བཅས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། དམག་དཔུང་འཛུགས་སྐྱོང་དང་དམག་རྒྱག་གྲ་སྒྲིག་བྱེད་པའི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཡུལ་འདིར་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་3000ལྷག་ཙམ་ཡོད།
  • ལེ་ཚན་རྗེས་མ།:རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
  • དོ་སྣང་ཆེ་བའི་རྩོམ།