རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2022-06-09

དམངས་ཁྲོད་དུ་སྒྲ་སྙན་ལ་རྣ་བའི་བུ་རམ་ཞེས་བརྗོད་ཀྱི་ཡོད་ཅིང་། དེ་ནི་བོད་རིགས་ཀྱི་སྲོལ་རྒྱུན་གྱི་རྒྱུད་ལྡན་རོལ་ཆས་ཤིག་ཡིན་པ་དང་། བོད་ལྗོངས་ཀྱི་མངའ་རིས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ་རྒྱ་ཁྱབ་ངང་དར་ནས་ད་བར་ལོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་རྫོང་རིག་གནས་བྱེད་སྒོ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་འགན་འཁུར་བའི་བོད་ལྗོངས་འཕྱོངས་རྒྱས་རྫོང་གི་དུས་ཐེངས་གཉིས་པའི་སྒྲ་སྙན་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་རེད།

རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

     འཕྱོངས་རྒྱས་རྫོང་གི་དུས་ཐེངས་གཉིས་པའི་རྣ་བའི་བུ་རམ་ཞེས་པའི་སྒྲ་སྙན་རོལ་སྦྱངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་རིག་གནས་དམངས་ཕན་ལས་དོན་སྔར་བས་གཏིང་ཟབ་སྤེལ་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་འཕྱོངས་རྒྱས་ཀྱི་རིག་གནས་བྱ་གཞག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་ཆེད་དུ་ཡིན་པ་རེད།

རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

     ཤེས་རྟོགས་བྱུང་བར་གཞིགས་ན། རྣ་བའི་བུ་རམ་ཞེས་པའི་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མ་ཟད། སྲོལ་རྒྱུན་གྱི་མི་རིགས་རོལ་ཆས་དང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭར་ཁྱོན་སློབ་མ་32མིང་ཐོ་བཀོད་ཡོད་ཅིང་། འཕྱོངས་རྒྱས་རྫོང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་སློབ་ཡོན་མི་དགོས་པར་སློབ་མར་ཡོ་བྱད་དང་། བྱེད་སྒོ་སྤེལ་ཡུལ་མཁོ་འདོན་བྱ་རྒྱུ་དང་། རིན་མེད་དང་སྒོ་དབྱེའི་ངང་ནས་རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱབ་ཏེ་རིག་གནས་ཀྱི་རིན་མེད་སྒོ་དབྱེའི་ལས་དོན་གྱི་ཞབས་ཞུའི་ཆུ་ཚད་གསར་པ་ཞིག་གཏོད་རྒྱུ་ཡིན་པ་རེད།

རྣ་བའི་བུ་རམ་མི་རིགས་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་གསུང་རྩོམ་འདི་པར་འགྲེམས་བྱས་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།