དུས་རབས་གསར་པའི་སི་ཁྲོན་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ།

བདེ་སྐྱིད་ཀྱིས་བསྒྱུར།        2022-06-08

རང་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ཚ་ཚ་འུར་འུར་བྱེད་བཞིན་ཡོད།

རང་ཁུལ་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ད་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཤིང་། རྫོང(གྲོང་ཁྱེར)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཚ་ཚ་འུར་འུར་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་དེ་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་སྒུལ་ཤུགས་ཆེན་པོ་དང་། དོན་དངོས་ཀྱི་བྱ་སྤྱོད་དུ་ཏན་ཏིག་བསྒྱུར་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་དེ་རང་ཁུལ་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་པར་སྐུལ་འདེད་བཏང་བ་རེད།

རོང་བྲག་རྫོང་།

སྤྱི་ཟླ6པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་གཙོ་འགན་བཞེས་ནས་རོང་བྲག་རྫོང་གི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)གྲོས་ཚོགས་ཐེངས24པ་འཚོགས་ཤིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུས་བཏོན་པའི་ཆབ་སྲིད་ལ་སྣང་ཆེན་དང་འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་འདོགས། བདེ་འཇགས་ལ་འགན་ལེན་བཅས་ཀྱི་ལས་ཀར་དམ་པོ་དམིགས་ནས་དངོས་གཉེར་དཀའ་སེལ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་སི་ཁྲོན་དར་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རོང་བྲག་རྫོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

འབའ་ཐང་རྫོང་།

སྤྱི་ཟླ6པའི་ཚེས2ཉིན། འབའ་ཐང་རྫོང་གིས་སྐབས་བཅུ་གསུམ་པའི་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱས་འཛོམས)ཚོགས་འདུ2022ལོའི་གྲོས་ཚོགས་ཐེངས6པ་འཚོགས་ཤིང་། དུས་ཐོག་ཏུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གོ་བ་གཏིང་ཟབ་ལེན་པ་དང་སྙིང་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་འཕྱུགས་མེད་ཁོང་དུ་ཆུད་པར་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་ཚ་ཚ་འུར་འུར་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:ལྔ་པའི་ཚེས་ལྔའི་གུང་གསེང་རིང་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་བརྟན་ཁྲོད་གོ་རིམ་ལྡན།
  • ལེ་ཚན་རྗེས་མ།:མི་བཟོས་རུས་ཚིགས་ཀྱི་རིན་གོང་སྒོར་མོ་ཁྲི་ནས་སྒོར་མོ་སྟོང་ལ་ཆག་པའི་དུས་སུ་སླེབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།