རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2022-06-06

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ6པའི་ཚེས1ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སོ་བདུན་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས‘’་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་བཅུ་དགུ་ཡོད་ལ། རང་ས་གནས་ཀྱི་ནད་པ་བཅོ་བརྒྱད་ཡོད།  སྨན་ཁང་ནས་སངས་དྲག་བྱུང་ཏེ་སྒོར་བུད་པའི་ནད་པ་ཉིས་བརྒྱ་རེ་བརྒྱད་ཡོད། ནད་རྟགས་ངོས་བཟུང་མེད་པའི་ནད་པ་གོ་གཉིས་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་ཞེ་དགུ་ཡོད་པ་དང་། རང་ས་གནས་ཀྱི་ནད་པ་ཞེ་གསུམ་ཡོད། ཉིན་དེར་སྨན་བཅོས་ལྟ་སྐྱོང་ལས་གློད་པའི་ནད་རྟགས་མི་མངོན་པའི་ནད་པ་སྟོང་གཅིག་དང་ཞེ་གཅིག་ཡོད། ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་ཞེ་བདུན་ཡོད། ཟླ་དྲུག་པའི་ཚེས་གཅིག་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་གཅིག་ཁྲི་བདུན་སྟོང་བརྒྱད་ལ་བརྒྱབ།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།