རང་ཁུལ་གྱི་དཔལ་འབྱོར་བརྟན་ཞིང་འཕེལ་རྒྱས་ལ་སྐུལ་བའི་བྱེད་ཐབས36

ཐུབ་ཀྱིས་བསྒྱུར།        2022-06-07

     ཁུལ་མི་དམངས་སྲིད་གཞུང་གིས《དཀར་མཛེས་ཁུལ་གྱི་ཁྲོམ་རའི་བྱེད་པོ་སྐྱོང་ཞིང་དཔལ་འབྱོར་ འཕར་སྣོན་བརྟན་པོར་ཡོང་བའི་སྲིད་ཇུས་བྱེད་ཐབས་ཁ་ཤས》(གཤམ་ལ་《སྲིད་ཇུས་བྱེད་ཐབས》ཞེས་བསྡུས་ཡོད།) དཔར་འགྲེམས་བྱས་ཡོད། ཕྱོགས9ལ་དམིགས་ནས་བྱེད་ཐབས36བཏོན་ཞིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་སྣོན་བརྟན་པོར་ཡོང་བའི་སྲིད་ཇུས་དང་འབྲེལ་ཡོད་ལ། དེའི་འབྲེལ་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་གྱི་སྤྱི་ཁོག་བརྟན་པོ་ཡོང་གང་ཐུབ་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་ལུགས་མཐུན་གྱི་བར་ཁོངས་སུ་གནས་ཐུབ་པ་བྱ་དགོས།

    བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་དང་སྒེར་གཉེར་དུད་ཚང་ལ་མཚོན་ན། དེ་ལོའི་དངོས་ཡོད་ཚོང་གཉེར་དངུལ་གྲངས་ཐེངས་དང་པོར་སྒོར་ཁྲི1000དང2000དང་། ཁྲི5000དང་། སྒོར་དུང་ཕྱུར1དང་། སྒོར་དུང་ཕྱུར2བཅས་ལས་བརྒལ་བ་ཡིན་ན།  སོ་སོར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི5དང་། སྒོར་ཁྲི10དང་། སྒོར་ཁྲི15དང་། སྒོར་ཁྲི20དང་། སྒོར་ཁྲི30བཅས་སྤྲད་རྒྱུ།

     དཀར་མཛེས་ཁུལ་གྱི་སྐྱེད་སྲིང་བྱ་ཡུལ་གཙོ་བོའི་གྲས་སུ་ཚུད་པའི་བཟོ་ལས་ཁེ་ལས་ཡིན་ན། ལོ་ཧྲིལ་པོར་ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་སྒོར་ཁྲི50ཡན་ལ་ཟིན་པ་དང་ཡང་ན་ཆ་འཕྲིན་ཅན་གྱི་ཐད་ལ་མ་དངུལ་འཇོག་ཚད་སྒོར་ཁྲི20ཡན་ལ་ཟིན་པའི་ཁེ་ལས་ལ། མ་དངུལ་དངོས་སུ་བཏང་བའི་བརྒྱ་ཆ12ལས་མི་བརྒལ་བར་སྒོར་ཁྲི100ཡི་ཁ་གསབ་སྤྲད་རྒྱུ།

    གསར་གཏོད་ཁག་ཐེག་དངུལ་བུན་གྱི་ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་བ་དང་ཆེས་ཆུང་བ་ལ། སྒོར་ཁྲི300ལས་མི་མཐོ་བའི་ལས་གཏོད་ཁག་ཐེག་དངུལ་བུན་རག་པ་དང་། དངུལ་བུན་དུས་ཡུན་ལོ2ལས་བརྒལ་མི་ཆོག། དངུལ་བུན་གྱི་ཁྲོམ་གོང་སྐྱེད་ཀའི་བསྡུར་ཚད LPR—150BPམན་གྱི་སྐྱེད་ཀ་ནི་དངུལ་གཡར་མཁན་ཁེ་ལས་ཀྱིས་སྤྲད་དགོས་པ་དང་། ལྷག་མ་རྣམས་ནོར་སྲིད་སྡེ་ཁག་གིས་སྐྱེད་གསབ་སྤྲད་རྒྱུ།

གཅིག། ཁྲོམ་རའི་བྱེད་པོ་ཆུང་འབྲིང་དང་ཆེས་ཆུང་བའི་ཚོང་གཉེར་མ་རྩ་གཅག་རྒྱུ།

1.རྒྱལ་ཁབ་ཀྱི་ཀུན་ཕན་ཁྲལ་འབབ་གཅོག་རྒྱ་ཆེ་རུ་གཏང་བའི་སྲིད་ཇུས་ལག་ལེན་བྱ་དགོས།

2.རྒྱལ་ཁབ་ཀྱི་སྒྲིག་ཆས་དང་ཡོ་བྱད་ཐོབ་ཁྲལ་ཁྲལ་གྲོན་མ་བསྡུའི་སྔོན་ལ་གཅག་པའི་སྲིད་ཇུས་ལག་ལེན་བྱ་དགོས།

3.ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་བ། དེ་བཞིན་སྒེར་གཉེར་ཚོང་དུད་ཀྱི་ཁང་གླ་གཅག་དགོས།

4.རྒྱལ་ཁབ་ཀྱི་དུས་མཚམས་རང་བཞིན་གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གཅག་དགོས།

5.ཁེ་ལས་ཆུང་བ་དང་ཆེས་ཆུང་བར་བཟོ་ཚོགས་ཀྱི་གྲོན་དངུལ་རྒྱབ་སྐྱོར་བྱ་དགོས།

གཉིས། ཞབས་ཞུའི་ཁེ་ལས་ལ་རོགས་སྐྱོར་དང་བརྩོན་སྐུལ་བྱེད་ཤུགས་ཆེ་རུ་གཏང་དགོས།

6. ཞབས་ཞུའི་ཁེ་ལས་ཀྱི་ཚོང་གཉེར་མ་རྩ་གཅག་དགོས།

7. ཞབས་ཞུའི་ཁེ་ལས་གཞི་ཁྱོན་གྱི་ཚད་ལ་བསླེབ་པར་རྒྱབ་སྐྱོར་བྱ་དགོས།

8.བཟའ་བཏུང་སིལ་འཚོང་ལས་རིགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།

9.རིག་གནས་ཡུལ་སྐོར་ལས་རིགས་སླར་གསོའི་རྨང་གཞིའི་བརྟན་པོར་བཟོ་དགོས།

10.ཁེ་ལས་ཀྱིས་དྲ་བའི་དྲིལ་བསྒྲགས་ཚོང་གཉེར་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས།

11.འགྲིམ་འགྲུལ་སྐྱེལ་འདྲེན་ཟོང་འགྲུལ་ཁེ་ལས་ཀྱི་ལས་སྒོ་འཕར་བར་རྒྱབ་སྐྱོར་བྱ་དགོས།

གསུམ། འཛད་སྤྱོད་མགྱོགས་འཕར་ཡོང་བ་རྒྱ་སྐྱེད་དང་ངར་སྐུལ་བྱ་དགོས།

12.འཛད་སྤྱོད་སྐུལ་བའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།

13.རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཀྱི་ཚོང་སྐུལ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།

14.ཕྱིར་འཚོང་ཁེ་ལས་གསར་གཏོད་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས།

བཞི། བཟོ་ལས་ཁེ་ལས་འཕེལ་རྒྱས་བརྟན་པོར་ཡོང་བར་རྒྱབ་སྐྱོར་བྱ་དགོས།

15.བཟོ་ལས་ཁེ་ལས་ཆུང་འབྲིང་རྒྱ་སྟོབས་ཆེ་རུ་ཡོང་བར་རྒྱབ་སྐྱོར་བྱ་དགོས།

16.བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་སོང་བསྡུར་ཚད་ངེས་ཅན་བསྣན་ནས་འཕྲི་བའི་བྱེད་ཐབས་ལག་ལེན་བསྟར་དགོས།

17.དུས་མཚམས་རང་བཞིན་གྱི་ཁྲལ་གྲོན་འགྱངས་སྤྲོད་དུས་ཡུན་རིང་དུ་གཏོང་བའི་སྲིད་ཇུས་ལག་ལེན་བྱ་དགོས།

ལྔ། ཨར་སྐྲུན་ལས་རིགས་ཁེ་ལས་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས།

18.ཨར་ལས་ཁག་གྲུབ་དུས་རྩིས་ལེན་མཉམ་དུ་བྱ་དགོས།

19.འགན་ལེན་མ་དངུལ་སྤྲོད་ཐབས་མང་པོ་བྱ་དགོས།

20.ཆུ་གློག་ཨར་ལས་ཁག་ལ་ཟླ་བསྒྲིལ་ནས་མེ་གསོད་ཞིབ་རྩིས་བྱ་དགོས།

དྲུག། ལས་གཞིར་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས།

21.ལས་གཞི་འཛུགས་སྐྲུན་མགྱོགས་སུ་སྐུལ་བ་དང་ཨར་སྐྲུན་མ་དངུལ་མགྱོགས་པ་སྤྲད་དགོས།

22.ཁེ་ལས་ཀྱིས་མ་དངུལ་སྣོན་པར་རྒྱབ་སྐྱོར་བྱ་དགོས།

བདུན། དངུལ་རྩའི་ཡིད་རྟོན་དངུལ་བུན་སྤྲད་པ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།

23.ཁེ་ལས་ཆུང་བ་དང་ཆེས་ཆུང་བར་ཡིད་རྟོན་དངུལ་བུན་སྤྲད་པའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་དགོས།

24.ཁེ་ལས་ལ་ཕྱོགས་གསུམ་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།

25. ཁེ་ལས་ཆུང་བ་དང་ཆེས་ཆུང་བར་དངུལ་བུན་གྱི་སྐྱེད་གསབ་སྤྲད་པའི་སྲིད་ཇུས་ལག་ལེན་བྱ་དགོས།

26. ཁེ་ལས་ཆུང་བ་དང་ཆེས་ཆུང་བའི་ཉེན་ཁ་འགན་བགོས་ལམ་ལུགས་འཐུས་ཚང་དུ་གཏང་དགོས།

བརྒྱད། ཁེ་ལས་ཀྱི་གྲུབ་རྐྱེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས།

27.ས་སྤྱོད་པའི་དགོས་མཁོ་འགན་སྲུང་བྱ་དགོས།

28.ཐོན་ཁུངས་སྤྱོད་པའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས།

29.ཁེ་ལས་ཀྱི་མི་སྤྱོད་ཞབས་ཞུ་ཇེ་ཡག་ཏུ་གཏང་དགོས།

དགུ། ཁེ་ལས་ཀྱི་རོགས་ཕན་ཞབས་ཞུ་ཇེ་ཡག་ཏུ་གཏང་དགོས།

30.ཁེ་ལས་ཀྱི་རོགས་ཕན་སྲིད་ཇུས་དོན་ཐོག་འཁྱོལ་བར་ལྟ་སྐུལ་བྱ་དགོས།

31.སྲིད་དོན་ཞབས་ཞུའི་ནང་སྲོལ་འཐུས་ཚང་དུ་གཏང་དགོས།

32.སྲིད་དོན་ཞབས་ཞུའི་ལས་ཆོད་ཆེ་རུ་གཏང་དགོས།

33.ཁེ་ལས་ལ་ཡིད་ཆེས་ཡོང་བའི་རོགས་རམ་བྱ་དགོས།

34.དམངས་གཉེར་ཁེ་ལས་དང་། ཁེ་ལས་ཆུང་བ་དང་ཆེས་ཆུང་བའི་ཆད་དངུལ་གསབ་ཏུ་འཇུག་དགོས།

35.རྫོང་དང་གྲོང་ཁྱེར་ཁག་གིས་ཁེ་ལས་ཆུང་བ་དང་ཆེས་ཆུང་བའི་དཀའ་ངལ་སེལ་བའི་མ་དངུལ་བཀོད་སྒྲིག་བྱེད་པར་སྐུལ་མ་བྱ་རྒྱུ།

36.རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལས་ཆོད་ཆེན་པོས་གཅིག་འདོམས་བྱ་དགོས།

    རྒྱལ་ཁབ་དང་ཞིང་ཆེན་གྱི་ཁྲོམ་རའི་བྱེད་པོ་སྐྱོང་ཞིང་དཔལ་འབྱོར་འཕར་སྣོན་བརྟན་པོར་ཡོང་བའི་སྲིད་ཇུས་བྱེད་ཐབས་གཞན་དག་ཡོད་ན་དེ་ལྟར་ལག་ལེན་བྱ་རྒྱུ། སྲིད་ཇུས་རིགས་འདྲའི་ཚད་གཞི་མི་འདྲ་ན་མཐོར་གཙོ་མི་བཟླ་བའི་རྩ་དོན་ལྟར་ཁྲོམ་རའི་བྱེད་པོ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱ་དགོས།

   རྫོང་དང་གྲོང་ཁྱེར་ཁག་གིས་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་ལག་ལེན་བྱེད་ཐབས་ཞིབ་ཕྲ་འདོན་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་བྱེད་ཐབས་དོན་ཐོག་ངོ་མ་འཁྱོལ་ཐུབ་པ་བྱ་དགོས། རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས། རྩིས་བཤེར་སྡེ་ཚན་གྱིས་སྲིད་ཇུས་བྱེད་ཐབས་ལག་ལེན་སྒྲིག་ལམ་དང་ལས་ཆོད་ཐད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོ་ལ་སྲིད་ཇུས་ཀྱི་ཁེ་ཕན་མགྱོགས་པོ་འཐོབ་ཐུབ་པ་བྱ་དགོས།

    སྲིད་ཇུས་བྱེད་ཐབས་འདི་དཔར་འགྲེམས་བྱས་ཉིན་ནས་ལག་ལེན་བྱ་རྒྱུ་དང་། སྲིད་ཇུས་ལག་ལེན་བསྟར་བའི་དུས་བཅད་ཁ་གསལ་གཞན་དག་བཀོད་ཡོད་པར་ཕུད། དེ་མིན་སྲིད་ཇུས་ཀྱི་གོ་ཆོད་དུས་ཡུན་ནི2022ལོའི་ཟླ་བ12པའི་ཚེས31ཉིན་བར་ཡིན་ལ། སྲིད་ཇུས་བྱེད་ཐབས་ཞིབ་ཕྲའི་ལག་ལེན་བསྟར་ཡུན་ཁ་གསལ་ཡོད་པ་ཡིན་ན་དེའི་གཏན་འབེབས་ལྟར་བྱ་རྒྱུ། 


  • ལེ་ཚན་སྔོན་མ།:རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚོ། མཐོ་རྒྱུགས་ལ་ཤུགས་རྒྱོབ།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅིས་ལོ་རྒྱུས་སྙན་ངག་རླབས་པོ་ཆེ་འདི་ཐེངས་མང་གླེང་།
  • དོ་སྣང་ཆེ་བའི་རྩོམ།