ལྔ་པའི་ཚེས་ལྔའི་གུང་གསེང་རིང་རང་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་བརྟན་ཁྲོད་གོ་རིམ་ལྡན།

ལྷ་འཛོམས་ཀྱིས་བསྒྱུར།        2022-06-08

སྤྱི་ཟླ6པ་ཚེས5ཉིན་ལ་གསར་འགོད་པས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལུགས་རྙིང་ཟླ་བ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་རེད།ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི15.1358ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར1.66ལ་ཟིན་པའི་ནང་ཁུལ་ཡོངས་ཀྱི་བསྡོམས་རྩིས་མ་ལག་ནང་བཞག་པའིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ62ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྱོན་བསྡོམས53195ལ་སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི་116.0811ལ་ཟིན་ཡོད་པ་རེད།

ལུགས་རྙིང་ཟླ་བ་ལྔ་པའི་ཚེས་ལྔའི་གུང་གསེང་རིང་། རང་ཁུལ་གྱིས་རིམས་ནད་འགོག་ཟོན་ཚོད་འཛིན་ལས་དོན་གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་ཀྱི་ངལ་གསོའི་རིང་གི་ཡུལ་སྐོར་རིམས་ནད་འགོག་ཟོན་ཚོད་འཛིན་གྱི་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རིམས་ནད་འགོག་ཟོན་ཚོད་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་ཡོད། ཁུལ་རིམ་པའི་སྡེ་ཚན་ཁག་དང་།རྫོང(གྲོང་ཁྱེར)ཁག་དང་མཛེས་ལྗོངས་ཁུལ་ཁག་གིས་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་ཆེད་བསྐོ་མི་སྣས་ལས་རེས་བྱེད་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་ཁུལ་དང་རྫོང(གྲོང་ཁྱེར)གི་རིག་གནས་ཡུལ་སྐོར་ཁོངས་གཏོགས་དང་དེ་བཞིན་ངལ་གསོའི་ལས་དོན་གཞུང་ལས་ཁང་བཅས་ཀྱིས་ཆུ་ཚོད24རིང་ལ་ལས་རེས་བྱས་ཡོད་པ་རེད། རྫོང(གྲོང་ཁྱེར)ཁག་གིས་འགྲིམ་འགྲུལ་ས་ཚུགས་སུ་བློ་འདྲིའི་ཞབས་ཞུའི་ས་ཚུགས་བཙུགས་ནས་མཛེས་ལྗོངས་ཁུལ་སོ་སོའི“ས་ཁུལ་དང་ཡུལ་སྦྲེལ་དུམ་བུ་བཅས་བགོས་ནས་”དྲྭ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་པ་དང་འབྲེལ་དང་བླངས་པའི་ཞབས་ཞུ་ས་ཚུགས་དུ་མ་བཙུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་རྒྱུ་འཛིན་ཡས་བྱས་ནས་གནས་ཐིག་གཏན་འཁེལ་ཡང་དག་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་ཅིང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་རང་བྱུང་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་པ། རིག་གནས་དང་ཞིང་ལས། ཡུལ་སྐོར་སོགས་མཉམ་འདྲེས་གཏིང་ཟབ་བྱས་ནས་འཕེལ་རྒྱས་ལ་མུ་མཐུད་དེ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། ཁམས་གསོའི་ཡུལ་སྐོར། ཡུལ་སྡེ་ཡུལ་སྐོར་བཅས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་སྟེ་དེ་བས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་གཏོད་པ་དང་།དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།། 


  • ལེ་ཚན་སྔོན་མ།:ད་ལོར་རང་ཁུལ་གྱི་སློབ་མ8063མཐོ་རྒྱུགས་ལ་ཞུགས།
  • ལེ་ཚན་རྗེས་མ།: དུས་རབས་གསར་པའི་སི་ཁྲོན་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ།
  • དོ་སྣང་ཆེ་བའི་རྩོམ།