ཁྱོད་རང་མཚོན་བྱེད་དུ་བྲིས་པ།

སད་མི།        2022-06-10

ཁྱོད་རང་ག་པར་ཡོད་དམ།

གློ་རྡེག་ཏུ་གཙང་པོ་འཁྱག་རོམ་ཞིག་ཏུ་གྱུར།

ཁྱོད་རང་ག་པར་ཡོད་དམ།

གློ་རྡེག་ཏུ་ལུས་ཕྱེད་ལ་འདར་ཡོམ་བྱུང་།

མཚོ། བསྐྱུར་ཐབས་མེད་པའི་མེ་ལོང་དེ།

ཁྱོད་ཀྱི་ལང་ཚོའི་མཚར་སྡུག་འཆར་

སའི་མེ་ལོང་དེའོ།།

ཐིགས་པ་རེ་རེ་ནི་ཀླན་ཀ་རེ་རེ་དང་འདྲ་བར།

ལོགས་སུ་གྱེས་པ་བྱུང་ཚེ་སྔངས་པ་སྟར།

མིག་ཟུང་གྲངས་མེད་ཅིག་གིས་བལྟས་

པ་དང་མཚུངས།

སྐྱེ་བ་འདིར། སྡོང་པོ་ཞིག་དང་འཕྲད་

ཆོག་ཀྱང་།

ང་ནི་སྡོང་པོའི་གཡོ་འགུལ་ལ་འཇིགས།

རླུང་འཚུབ་རྒྱུ་བ་མེད་ན་བསམས་ཀྱང་།

མཁའ་དབུགས་ནི་ཡོད་ཚད་ཀྱི་རྟེན་

གཞི་ཡིན་པར་འདུག།

རྗེས་སུ། བསམ་ཚུལ་དེ་འདྲ་བཅངས་མ་ཕོད།



  • ལེ་ཚན་སྔོན་མ།:དེ་རིང་སྟེ་གྱེས་བྲལ་ཉིན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།