འདབ་པའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།

སྐལ་བཟང་རྒྱ་མཚོས་བྲིས་ཤིང་པར་བླངས།        2022-06-10

 འདབ་པའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།

  ཉེ་ཆར། འདབ་པ་རྫོང་དཀར་ཐང་གྲོང་རྡལ་དབུས་མདོ་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་གཟའ་མཇུག་དང་བསྟུན་ནས་གྲོང་སྡེ་དེའི་སློབ་མ་ཚོ་སྒྲིག་འཛུགས་བྱས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་བསལ་ཏེ་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བསྐྲུན་པར་ང་ཚོ་གྲོགས་པོ་ཆུང་ཆུང་ཚོས་བྱ་སྤྱོད་དངོས་སུ་སྤེལ་ཞེས་པའི་ཁོར་ཡུག་སྲུང་སྐྱོང་དང་བླངས་བྱེད་སྒོ་སྤེལ་བ་རེད།

  ཐེངས་འདིའི་བྱེད་སྒོ་རུ་སློབ་མ26དང་ཁྱིམ་བདག8 གྲོང་སྡེའི་ལས་བྱེད་པ2བཅའ་སྡོད་ལས་སྒྲུབ་མི་སྣ3བཅས་ཞུགས་ཡོད།

འདབ་པའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།

    བྱེད་སྒོའི་སྔོན་ལ་བཅའ་སྡོད་ཧྲུའུ་ཅི་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་ཏེ། འབྲེལ་ཡོད་སྲིད་ཇུས་དང་ས་ཁོངས་ཡོངས་སུ་གད་སྙིགས་གཙང་སེལ་གྱི་དགོས་པ་བཤད་པ་དང་། བྱེད་སྒོ་སྤེལ་བའི་ཁྲོད་དུ་ཉེན་ཁ་ལས་གཡོལ་ཐབས་དང་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་ཚུལ་སྐོར་ལ་དྲན་སྐུལ་བྱས་པ་རེད།

འདབ་པའི་བཅའ་སྡོད་ལས་སྒྲུབ་རུ་ཁག་ཞིག་གིས་བྱེད་སྒོ་འདི་འདྲ་སྤེལ།

   ཚོ་ཆུང་གསུམ་དུ་བགོས་པའི་གྲོགས་པོ་ཆུང་ཆུང་ཚོས་ཆུ་ཚོད4ཡི་རིང་ལ་འབད་བརྩོན་བྱས་ནས་བཏུང་ཆུའི་དམ་བི་སྟོང་པ་དང་། སིལ་ཟས་འགྱིག་ཁུག། སིལ་ཏོག་ལྤགས་པ་སོགས་གད་སྙིགས་ཀྱིས་གང་བའི་འགྱིག་ཁུག་ཆེན་པོ5བསགས་ཐུབ་ཡོད་ལ། ངལ་རྩོལ་ལས་ཐོབ་པའི་སྤྲོ་ཉམས་ངོ་གདོང་དུ་འཆར་བ་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཆེ་རུ་ཕྱིན་ཡོད།

   བཅའ་སྡོད་ལས་སྒྲུབ་རུ་ཁག་གི་ལས་སྒྲུབ་མི་སྣས་སློབ་མ་ཚོ་དང་མཉམ་དུ་ཉིན་གཞུང་གི་ཟ་མ་ཟ་བའི་གོ་སྐབས་དང་བསྟུན་ནས་གྲོགས་པོ་ཆུང་ཆུང་ཚོ་ལ་བྱིས་པའི་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། ལག་རྟེན་ཡིག་ཆས་སོགས་ཀྱང་སྤྲད་པ་རེད།།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་དྲན་གདུང་ཞེས་པའི་དངོས་བརྙན་ལས་ལི་ཐང་ཚན་པ་ལེན་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།