རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་བྱ་ཡུལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་རྟའུ་དང་ལྕགས་ཟམ་རྫོང་གཉིས་སུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-06-27

རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་བྱ་ཡུལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་རྟའུ་དང་ལྕགས་ཟམ་རྫོང་གཉིས་སུ་འཚོགས།

ཉེ་ཆར། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་བྱ་ཡུལ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་རྟའུ་དང་ལྕགས་ཟམ་རྫོང་གཉིས་སུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཉེ་ཞིན་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆུས་མེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་སོགས་ཚོགས་འདུར་ཞུགས་པ་རེད།

ཐེངས་འདིའི་སྐུལ་འདེད་ཚོགས་འདུ་ནི་ཡུལ་དངོས་སུ་ལྟ་སྦྱོང་དང་ཡུལ་དངོས་སུ་ཉམས་ལེན། ཚོགས་འདུའི་བཀོད་སྒྲིག་ཟུང་འབྲེལ་རྣམ་པའི་ཐོག་ནས་འཚོགས་པ་རེད། ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆང་གིས་ཆབ་སྲིད་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ལ་གཞི་འཛིན་སའི་ཐོག་ནས་ཐེངས་འདིའི་ཡུལ་དངོས་ཚོགས་འདུ་སྐོང་ཚོགས་བྱེད་པའི་རྒྱབ་ལྗོངས་ཀྱི་དོན་སྙིང་རྒྱས་བཤད་ཞིབ་ཕྲ་གནང་བ་དང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་དུམ་བུའི་སྔོན་འགྲོའི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱིར་དྲན་གནང་བ། སྐུལ་འདེད་བརྒྱུད་རིམ་ཁྲོད་ཀྱི་མི་འདང་སར་དབྱེ་ཞིབ་གཏིང་ཟབ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་དུམ་བུའི་འཛུགས་སྐྲུན་གྱི་ལས་ཀར་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།།



  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:སྤྱི་ཟླ6པའི་ཚེས16ཉིན་ནས་རང་ཁུལ་གྱི་རིན་བསྡུ་མཛེས་ལྗོངས་ཁུལ་ཚང་མའི་སྒོ་འཛིན་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས།
  • དོ་སྣང་ཆེ་བའི་རྩོམ།