འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་སྐྲུན་འགོ་ཚུགས།

བདེ་ཆེན་དང་ཨོ་རྒྱན་གྱིས་བསྒྱུར།        2022-06-30

    འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་སྐྲུན་འགོ་ཚུགས།

   སྤྱི་ཟླ6པའི་ཚེས29ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་ཁུལ་ཁོངས་ཡོངས་དངོས་མང་བཤམ་སྟོན་ཁང་གི་ཁུལ་དང་འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། འཛུགས་སྐྲུན་ཡུལ་དངོས་སུ་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་བཅུ་ལྷག་ནས་དུང་སྒྲ་མཉམ་དུ་གྲགས། ཚང་མས་དོ་ཁུར་བྱེད་པའི་ཁོངས་ཡོངས་དངོས་མང་བཤམ་སྟོན་ཁང་གི་ཁུལ་དང་འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་བསྐྲུན་པའི་ལས་གཞི་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་ལ་བསླེབས་པ་རེད།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་འགོ་ཚུགས་མཛད་སྒོར་ཕེབས་ནས་ཤིས་ཚིག་འབུལ་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་མགོ་ཁྲིད་འགོ་ཚུགས་མཛད་སྒོ་ནང་ཞུགས། མཛད་སྒོ་དེ་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་གིས་གཙོ་སྐྱོང་གནང་བ་རེད།

འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་སྐྲུན་འགོ་ཚུགས།

     ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཅུག་པ་དང་རིག་གནས་ཀྱི་གདེང་ཚོད་དེ“གདེང་ཚོད་བཞིའི”ནང་དོན་གལ་ཆེན་དུ་བརྩིས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས། ཀྲུང་ཧྭ་མི་རིགས་ལ་ལོ་ལྔ་སྟོང་ལྷག་ཙམ་གྱི་དཔལ་ཡོན་ལོ་རྒྱུས་ལྡན་པས་ང་ཚོས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ལ་དད་གུས་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་གནང་ཡོད། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དེ་དག་གིས་ཁུལ་ཡོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོ་པོར་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད། དཀར་མཛེས་ཁུལ་ནི་མི་རིགས་རིག་གནས་ཀྱི་གནས་མཆོག་ཅིག་ཡིན་ཞིང་། གསར་བརྗེའི་རིག་གནས་དང་།མཛའ་གཞས་རིག་གནས། ཁམས་པའི་རིག་གནས་སོགས་ཕན་ཚུན་འོད་མདངས་འཕྲོ་བཞིན་ཡོད་པ་དང་། ལྷག་པར་དུ་གནམ་རིག་ལྟ་དཔྱད་ལས་མཚོན་པའི་སྐར་དབྱིངས་རིག་གནས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ཕན་རོགས་གནའ་ཤུལ་དེ“དྲྭ་གྲགས”གསར་པ་ཞིག་ཏུ་གྱུར་ནས་མི་རིགས་རིག་གནས་ཕུལ་བྱུང་གི་ངོ་མཚར་ལྡན་པའི་ཉམས་འགྱུར་གང་ལེགས་མངོན་བཞིན་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས“ཁོངས་ཡོངས་དངོས་མང་བཤམ་སྟོན་ཁང་གི་ཁུལ”བསྐྲུན་རྒྱུ་དང་འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་བསྐྲུན་རྒྱུའི་ཐབས་ཇུས་བཀོད་སྒྲིག་བྱས་པ་རེད། དེ་རིང་འགོ་ཚུགས་མཛད་སྒོ་སྤེལ་བ་དེའི་ཐོག་ནས་དངོས་སུ་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཐུབ་ཅིང་། སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་བསྒྱུར་བ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་ཐུབ་ངེས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་ནང་མགྱོགས་མྱུར་ཞུགས་ཐུབ་ངེས་ཡིན་ལ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་མགྱོགས་མྱུར་བཅང་ཐུབ་ངེས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་འདེད་ནུས་པ་བཅས་ཆེན་པོ་མཁོ་འདོན་ཐུབ་ངེས་ཡིན་པ་རེད།

   ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “དར་ཆ་སྒྲེང་བ་དང་དམངས་སེམས་སྒྲིལ་བ། མི་གསར་སྐྱེད་སྲིང་། རིག་གནས་དར་སྤེལ། གཟུགས་བརྙན་བསྟན་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་ཅིང་། རིག་གནས་བྱ་གཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། ཚད་གཞི་མཐོན་པོས་འདབ་པའི་གནམ་དཔྱད་གནའ་རྫས་རྟོག་ཞིབ་སྤྱི་གླིང་བསྐྲུན་པ་དང་། སྤུས་ཚད་མཐོན་པོས་ཁོངས་ཡོངས་དངོས་མང་བཤམ་སྟོན་ཁང་གི་ཁུལ་བསྐྲུན་པ། མགྱོགས་ཚད་ཆེན་པོས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བྱ་ཡུལ་བསྐྲུན་ཏེ་དུས་རབས་གསར་པའི་རིག་གནས་ཞིང་ཆེན་སྟོབས་ཆེན་བསྐྲུན་པར་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས།

 འགོ་ཚུགས་མཛད་སྒོའི་ཐོག་ད་དུང་འདབ་པ་རྫོང་གི་ཡུལ་དུས་ཧྲིལ་པོའི་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་གྱི་རྣམ་པའི་དྲིལ་བསྒྲགས་གློག་བརྙན་བཏང་བ་རེད།

  ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་དང་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། དུང་དཀར་ལུང་པའི་དོ་དམ་ཅུས།ཉི་སྟེན་དོ་དམ་ཅུས། མཚོ་ལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་དང་གྲོང་ཁྱེར་སོ་སོའི་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཁུལ་ནང་གིAརིམ་པའི་ལྗོངས་ཁུལ། རིག་གནས་ཡུལ་སྐོར་ཁེ་ལས་འཐུས་མིའི་འགན་ཁུར་མི་སྣ།འཕྲིན་སྦྱོར་གསར་འགོད་པའི་འཐུས་མི་སོགས་འགོ་ཚུགས་མཛད་སྒོ་ནང་ཞུགས་པ་རེད།།

  • ལེ་ཚན་སྔོན་མ།: འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འབྲུ་འདེབས་དུད་ཆེན་ལ་ཡིག་ལན་བསྐུར་ནས་སྐུལ་མ་གནང་།
  • དོ་སྣང་ཆེ་བའི་རྩོམ།