བུ་མོ།

སྒོ་སྤྲེལ་ངེས་དོན།        2022-07-01

ཞིང་ཚིགས་གྲུ་བཞིའི་ནང་གི།།

འཛུམ་ཆུང་ནས་ཁུར་བུ་མོ།།

ལོ་ལེགས་སྙེ་མའི་བཅུད་ཀྱིས།།

སེར་པོ་གསེར་གྱིས་བརྒྱན་འདྲ།།

སྦྲ་ནག་གྲུ་བཞིའི་འདབས་ཀྱི།།

ཡིད་འོང་འབྲོག་རིའི་བུ་མོ།།

བཞོ་དབྱངས་ངག་ལ་གྱེར་བ།།

དཀར་གསལ་འོ་མས་བརྒྱན་འདྲ།།

བཅུ་ཕྲག་རིག་པའི་ཚལ་གྱི།།

མདངས་ལྡན་ན་ཆུང་བུ་མོ།།

དཔེ་ཁུག་རྒྱབ་ལ་ཁུར་བ།།

དབྱངས་གསལ་བཞིན་རས་འཛུམ་འདྲ།།



  • ལེ་ཚན་སྔོན་མ།:གང་འདོད་དུ་བྲིས་པའི་མགུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།