རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཉེར་བ་དང་། ལི་ཁེ་ཆང་གིས་ལྟ་སྐུལ་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-07

 སྤྱི་ཟླ་7ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་དམ་འཇོག་མཛད་སྒོ་གཉེར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཛད་སྒོར་ལྟ་སྐུལ་གནང་ཡོད།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས༽དང་༼རྒྱལ་སྲིད་སྤྱི་ཁྱབ་ཁང་དང་གང་དེའི་ཚན་པས་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་དོན་མི་སྣའི་རྩ་ཁྲིམས་དམ་འཇོག་གི་སྒྲིག་འཛུགས་བྱ་ཐབས༽ཞེས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་བཞག་བྱས་པའི་ཚན་པ་དང་35དང་ལས་ཁུངས་45ཡི་འགན་འཁུར་བས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་ཡོད།

སྔ་དྲོའི་ཆུ་ཚོད་11ཐོག རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེའི་ཡིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། དེ་རྗེས། དམ་འཇོག་སྣེ་ཁྲིད་པས་ཕྱག་ལ་རྩ་ཁྲིམས་བསྣམས་ཏེ་དམ་བཅའི་ཚིག་གི་སྐྱོར་སྣེ་ཁྲིད་པ་དང་། དེ་མིན་གྱི་དམ་བཅའ་འཇོག་མཁན་རྣམས་ཀྱིས་རུ་སྟར་སྒྲིག་ཏེ་དམ་བཅའི་ཚིག་མཉམ་དུ་སྐྱོར་ཡོད།

དམ་བཅའ་བཞག་བསྒྲུབས་རྗེས། ལི་ཁེ་ཆང་གིས་ཚང་མས་དམ་བཅའ་ཡིད་ལ་བརྟན་པོ་ངེས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་ལེན་བསྟར་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་དང་། རྩ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། ཁྲིམས་ལྟར་སྲིད་འཛིན་པ། འགན་འཁྲི་ནན་སྲུང་དང་དམངས་ཀྱི་ཆེད་དུ་སྲིད་ལ་བརྩོན་དགོས། ཁྲིམས་ལྟར་རང་འགན་ལེགས་སྒྲུབ་དང་རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་བློ་དང་བྱ་ཐབས་ཐོག་ནས་ཇུས་ཐག་གཅོད་པ་དང་། སྲིད་ཇུས་འདོན་པ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་བྱས་ནས་ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་སྔོན་དཔག་བརྟན་དུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འགན་འཁྲི་འཁུར་ཏེ་དངོས་སྒྲུབ་དོན་གཉེར་ལ་མཐོང་ཆེན་བྱེད་དགོས། ཕུགས་འདུན་སླ་པོར་མི་བརྩོན་པ་དང་དོན་སྒྲུབ་དཀའ་ངལ་མི་གཡོལ་བར། ཕྱི་རོལ་གྱི་ཆོས་ཉིད་ལ་བརྩི་སྲུང་དང་། ལས་གནས་ཀྱི་གསར་གཏོད་རང་བཞིན་ལས་དོན་ལ་གཞི་ཚུགས་ཏེ་ཉམས་སད་དང་ཞིབ་དཔྱད་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས། གོང་འཕེལ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། སྒོ་ཀུན་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཏེ་འཕར་སྣོན་བརྟན་པོ་དང་། གྲུབ་གཞི་ལེགས་སྒྲིག བསྒྱུར་བཅོས་སྐུལ་འདེད་བཅས་ལ་གཅིག་འགྱུར་འཆར་འགོད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བྱ་དགོས། དམངས་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། དམངས་ཀྱི་གནས་ཚུལ་་ཤེས་རྟོགས་གང་ལེགས་བྱེད་པ། དམངས་ཀྱི་ཁེ་ཕན་ལ་དགོངས་ནས་ཁེ་ཕན་གཉེར་བ། མང་ཚོགས་ཀྱི་ཚ་ཁ་དགོས་གཏུག་ཆེ་བ་དང་དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་བྱས་ནས་གོང་འཕེལ་ཁྲོད་དམངས་འཚོའི་བདེ་རྩ་མཐོ་རུ་གཏོང་དགོས། སྤྱོད་གཙང་གཞུང་དྲང་དང་། གོང་གི་འོག་ལ་སྣེ་ཁྲིད། རང་གིས་གཞན་ལ་སྣེ་ཁྲིད་བྱེད་པ། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་དབང་ཆ་བེད་སྤྱོད་ཡག་པོ་བྱ་རྒྱུར་དམ་དྲག་ནན་པོ་བྱས་ཏེ། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ་དང་སྤྱོད་གཙང་དྲང་བདེན་གྱིས་དོན་དག་བསྒྲུབ་དགོས། དཀའ་སྤྱད་ཡར་བརྩོན་གྱིས་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཐད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལེའུ་ཧོ་བཅས་དང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་དང་། ཀྲའོ་ཁེ་ཀྲེ། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཀྱང་གོང་གསལ་མཛད་སྒོར་ཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་སྤྱི་ལོ་2022ལོའི་རྒྱལ་ཡོངས་ཀྱི་ཁེ་དབང་ལ་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དྲི་ཞིམ་ཁུག་མ་ཆུང་ཆུང་འདི་ལ་མཐོང་ཆེན་གནང་འདུག།
  • དོ་སྣང་ཆེ་བའི་རྩོམ།