ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2022-07-07
སྤྱི་ལོ་2022ལོའི་རྒྱལ་ཡོངས་ཀྱི་ཁེ་དབང་ལ་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྤྱི་ཟླ་7པའི་ཚེས་5ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
མཆན་བཀོད་མཛུབ་སྟོན་ནང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་ལས་གཏོད་གསར་གཏོད་ལ་སྲུང་སྐྱོབ་བྱེད་པ་དང་། ཁེ་དབང་ལ་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁེ་དབང་ལ་བཙན་གནོད་དང་གཡོ་རྫུས་བྱས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་བས། ཚོང་རའི་དྲང་གཞག་འགྲན་རྩོད་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ནུས་ལྡན་ཐུབ་མོད། འོན་ཀྱང་སྔར་བཞིན་ལས་ཀ་འབོར་ཆེན་བསྒྲུབ་རྒྱུ་བསྡད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཁྲིམས་སྲོལ་འཛུགས་སྐྱོང་དང་རྡུང་རྡེག་དང་ཁྲིམས་གཅོད་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རིམ་པ་རེ་རེ་བཞིན་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཤེས་བྱའི་ཐོན་དབང་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། སྡེ་ཁག་ལས་བརྒལ་བ་དང་། ཁྱབ་ཁོངས་ལས་བརྒལ་བ། ས་ཁོངས་ལས་བརྒལ་བ་བཅས་ཀྱི་ཁྲིམས་འཛིན་མཉམ་འགུལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་དང་ཡིད་རྟོན་ལྟ་སྐུལ་དོ་དམ་སོགས་ཀྱི་ནུས་ལྡན་བྱེད་ཐབས་ཧུར་ཐག་སྤྱད་པ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་གཏོད་པ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་འཕེལ་བ་བཅས་བྱས་ནས། ལས་གཏོད་གསར་གཏོད་ལ་སྐུལ་འདེད་དང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།
རྒྱལ་དོན་ཨུ་ཡོན། རྒྱལ་ཡོངས་ཀྱི་ཁེ་དབང་ལ་བཙན་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10