སྤྱི་ཟླ་དྲུག་པར་རྒྱལ་ཡོངས་ཀྱིས་རླངས་འཁོར་ཉོ་སྒྲུབ་བྱས་པའི་དཔྱ་ཁྲལ་ཁྱོན་སྒོར་དུང་ཕྱུར་71ཆག་ཡང་བཏང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-05

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་སྤྱི་ཚེས་3ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། རླངས་འཁོར་ཁག་ཅིག་གི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་ཉུང་གཏོང་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས་ཟླ་གཅིག་སོང་རིང་། རྒྱལ་ཡོངས་སུ་རླངས་འཁོར་ཉོ་སྒྲུབ་བྱས་པའིདཔྱ་ཁྲལ་ཁྱོན་སྒོར་དུང་ཕྱུར་71ཉུང་དུ་བཏང་ཡོད་པ་དང་། ཁྲལ་རྩ་ཆག་བཏང་བའི་རླངས་འཁོར་གྱི་འབོར་གྲངས་ནི་ས་ཡ་གཅིག་དང་དགུ་ཁྲི་བདུན་སྟོང་ཡིན་པ་རེད། དེའི་ནང་། འབུད་བཤངས་བྱེད་ཚད་ཧྲེང་1.6ནས་2.0བར་ཡིན་པའི་རླངས་འཁོར་གྱི་དཔྱ་ཁྲལ་རྩ་ཆག་གཏོང་ཚད་བརྒྱ་ཆ་52བཟུང་ཡོད། སྲིད་ཇུས་དེ་ཡང་ད་ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་ (རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་བཞི་པ།
  • དོ་སྣང་ཆེ་བའི་རྩོམ།