སྲོད་དུས་ཀྱི་རྒྱང་གླུ།

ཕོ་ལྷ།        2022-07-04

དྲིན་ཕ་ལོ་མཆོག་ལ་ཕུལ།

སྣང་བ་སེམས་ཀྱི་དབྱར་ཁ་ནས། །

ཁྱེད་ཀྱི་བརྩེ་བའི་མེ་ཏོག་དག །

རྨི་ལམ་ནང་གི་འཁོར་བ་རེད། །

གཤིས་ཀྱི་མེ་ལོང་འོག་རོལ་ཏུ། །

གཏན་གྱི་ཉི་ཟླའི་ཁ་མ་དེ། །

དུང་བའི་ཕྱག་མདུད་ཅི་མ་ཡིན། །

རྒྱ་ལ་ཚུད་པའི་རི་དྭགས་ནི། །

ཁྱེད་ཀྱང་ཡིན་ལ་ང་ཡང་ཡིན། །

ཁྱེད་ནི་གཙང་བོ་དང་བཅས་ཏེ། །

ངང་རྒྱུད་གཙང་བོ་དང་བཅས་ཏེ། །

དགའ་སྐྱོ་སེམས་ཀྱི་འཇིག་རྟེན་གྱི། །

གཟི་ཞིང་བརྗིད་པའི་སེམས་ནོར་ཏེ། །

ལས་ཀྱི་ཤིང་རྟ་ཆ་གཅིག་འདི། །

དུས་བཞི་རེ་རེའི་སོ་མཚམས་ཀྱི། །

ལྷན་ཅིག་ཞོན་ནས་སྐོར་གྲོགས་ཡིན། །

སྤྱན་མིག་གཉིས་ཀྱི་ཁ་མཐའ་ཡི། །

བརྩེ་བའི་དབྱངས་ཀྱི་བྱིན་རླབས་ཚོགས། །

བདག་སོགས་ཕུ་ནུའི་འཚོ་བ་ཡི། །

ནགས་ཀླུང་དཀྱིལ་གྱི་དྲང་སྲོང་ཡིན། །



  • ལེ་ཚན་སྔོན་མ།:སྙན་ངག་གི་གཟར་བུ།
  • ལེ་ཚན་རྗེས་མ།:ཁྱེད་ཅག་འདྲ་ཞིག་བྱུང་ན་བསམ།