འོ་མའི་ནང་ཚད་བརྒལ་གྱི་སྦྱོར་རྟ་ལྡན་པས་བརྟག་དཔྱད་བྱེད་བཞིན་འདུག

    མི་དམངས་དྲ་བ།    2022-07-05

 ཞིན་ཅང་མའེ་ཆིའར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་འོ་མ་དག་མར་ག་ཕྲུན་གཉིས་ལྡན་པའི་གནད་དོན་ཞིབ་བཤེར་བྱུང་བར་དམིགས་ནས། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲལ་དུ་ཁྲང་ཅི་ཧུའེ་རིགས་རང་སྐྱོང་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་། ཁྲང་ཅི་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་ཐོག་བརྟག་དཔྱད་ཚོ་ཆུང་བཙུགས་ནས་ཁེ་ལས་ནང་བཅའ་སྡོད་ཀྱིས་ཁྲིམས་འཛིན་ཞིབ་བཤེར་བྱས་ནས། ཁེ་ལས་ལ་འོ་མ་དག་མ་ཐོན་སྐྱེད་བྱེད་མཚམས་འཕྲལ་མར་འཇོག་ཏུ་བཅུག་པ་དང་། ཚད་མ་ལོན་པའི་ཐོན་རྫས་དུས་ཐོག་ཏུ་འཚོང་སྒྲོམ་ནས་ཕབ་ནས་བཀག་ཉར་དང་ཚུར་བསྡུ་བཅུག་པ་རེད།
     ཐོག་མའི་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་བརྒྱུད། མའེ་ཆིའར་འོ་མ་དག་མའི་ནང་ག་ཕྲུན་གཉིས་ལྡན་ཞིབ་བཤེར་ཐུབ་པ་དེ་ནི་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་རིམ་ནང་བཟའ་བཅའི་སྦྱོར་རྟའི་དྲི་ཞིམ་རྫས་བཅུད་ཁྱབ་ཁོངས་ལས་བརྒལ་བར་སྤྱད་པ་ཡིན་པ་ཤེས་རྟོགས་བྱུང་ཡོད། མིག་སྔར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མའེ་ཆིའར་ཀུང་སིས་ཁྱབ་ཁོངས་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐོ་འགོད་བརྟག་དཔྱད་བྱས་པ་རེད། གྱོད་གཞི་རྩད་ཆོད་གསལ་པོ་བྱུང་རྗེས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:རྒྱང་སྐྱོད་ཅེས་པའི་གསར་བརྗེའི་གླུ་བྲོ་ཆེ་གྲས་ཤིག་འཁྲབ་སྟོན་བྱས།
  • ལེ་ཚན་རྗེས་མ།:མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་ (རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།