མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་ (རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།

    མི་དམངས་དྲ་བ།    2022-07-05

༄༅།།མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་
(རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།

    ཟླ6པའི་ཚེས30ཉིན། མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཤན་སྦྱར)གྱི་འགྲེམ་གཏོང་མཛད་སྒོ་རྐང་ཚ་རྫོང་ས་ཐོབ་དགོན་པ་ནས་སྤེལ་ཞིང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་སྒྲིལ་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན་མཛད་སྒོའི་སྟེང་ཕེབས་ཏེ་གསུང་བཤད་གནང་བ་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཁག་ཅིག་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས།
    མགོན་པོ་ཚེ་བརྟན་གྱིས་བསྟན་དོན། “མི་ལ་དཔེ་དེབ་སྦྱིན། སེམས་ལ་དྲོད་ཁོལ་འཁྱིལ”ཞེས་དཔེ་དེབ་ནི་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་འཛམ་གླིང་རིག་གནས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཡིན་ལ། ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་གཏོད་པའི“གསེར་གྱི་ལྡེ་མིག”ཀྱང་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་གི་གནས་སྟངས་ཆགས་པ་དང་འཕེལ་རྒྱས་བྱུང་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་རང་འགུལ་ནས་རང་རྟོགས་ཕྱོགས་སུ་འགྱུར་བ་ཚང་མ་ནི་མི་རིགས་སོ་སོའི་དབར་ཡུན་རིང་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་འབྲས་བུ་ཡིན་ཞིང་། མི་རིགས་སོ་སོའི་སྐད་ཡིག་གིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་མཉམ་འདྲེས་བཅས་བྱེད་པ་དང་། ལྷག་པར་དུ་ཕུན་སུམ་ཚོགས་པའི་རྒྱ་བོད་སྐད་ཡིག་གཉིས་ལོ་རྒྱུས་འཕེལ་རྒྱས་ཁྲོད་དུ་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྤེལ་རེས་བྱས་ནས་མཉམ་དུ“ཁྱེད་ཀྱི་ཁྲོད་དུ་ང་ཡོད་ཅིང་། ང་ཡི་ཁྲོད་དུ་ཁྱེད་ཡོད”པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད། མིག་སྔར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མི་དང་མིའི་དབར་གྱི་ཡུལ་དུས་ཀྱི་བར་ཐག་དེ་བས་ཉེ་རུ་ཕྱིན་པ་དང་། མི་རིགས་སོ་སོའི་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱང་དེ་བས་རྒྱ་ཁྱབ་གཏིང་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཏུ་གྱུར་ཡོད་པས་དོན་སྙིང་ལག་ཆེན་ལྡན།
    མགོན་པོ་ཚེ་བརྟན་གྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལོ་ངོ9ཡི་རིང་ལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཚིག་མཛོད》འདི་ཡིས་ང་ཚོར་སློབ་སྦྱོང་གི་ནུས་ཤུགས་ཆེ་རུ་གཏོང་བ་དང་བསམ་བློ་བརྗེ་རེས་ཀྱི་ཐབས་ལམ་ཤར་བགྲོད་ཐུབ་པ། མཐུན་འབྲེལ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མི་སྒེར་གྱི་ནུས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་ཆེད་དབང་ཐང་ལྡན་པའི་ཡོ་བྱད་མཁོ་འདོན་བྱས་ཡོད། དེ་བས་ཚང་མས་སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད《ཚིག་མཛོད》འདི་ཚད་གཞིར་བཟུང་སྟེ། སློབ་སྦྱོང་ལ་ཤུགས་སྣོན་དང་བསམ་བློ་བརྗེ་རེས་ལ་སྐུལ་འདེད་བཏང་ནས། “དང་དོད་བྱེད་དགོས་པ་ལྔ”དང“བྲལ་ཐབས་མེད་པ་གསུམ”སོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་། “གསེར་གྱི་ལྡེ་མིག”བེད་སྤྱོད་ལེགས་པོ་བྱས་ནས་བློ་རིག་གི་སྒོ་མོ་དང་། མ་འོངས་པའི་སྒོ་མོ། བདེ་སྐྱིད་ཀྱི་སྒོ་མོ་སོགས་གཏོད་དགོས་པར་ནན་གྱིས་བསྟན།
    མགོན་པོ་ཚེ་བརྟན་གྱིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་བྱ་བའི་ཐོག་མཐའ་བར་གསུམ་དུ་ངེས་པར་ཆོས་ལུགས་དེ་ཀྲུང་གོ་ཅན་ལ་ཁ་ཕྱོགས་པར་རྒྱུན་འཁྱོངས་དང་སྐུལ་འདེད་བཏང་སྟེ། “ཚད་གཞི་བཞིའི”ཕུལ་བྱུང་དགེ་འདུན་པར་བརྩོན་ལེན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ། དེ་བཞིན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སོགས་ལ་ནན་གྱིས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་རྒྱུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》དང《དགོན་སྡེའི་སྒྲིག་སྲོལ་གྱི་དགེ་འདུན་པའི་ཆིངས་ཡིག》ལག་བསྟར་ཡག་པོ་བྱ་རྒྱུ། དེ་བཞིན་དགོན་སྡེ་ཞི་མཐུན། མི་རིགས་མཛའ་མཐུན། ཆོས་ལུགས་ཀུན་མཐུན།  སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་པ་རྣམ་དག་ཅིག་ཏུ་འགྱུར་བར་བརྩོན་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན།
     མགོན་པོ་ཚེ་བརྟན་འཁོར་དང་བཅས་པས་ད་དུང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་གཅིག་སྡུད་ཀྱིས་སྒྲོག་འགྲེལ་བྱས་པ་དང་། མཉམ་དུ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཁག་ལ་འཚམས་འདྲི་བྱས། 
                                                                                                                                                             འཕྲིན་གཏོང་བ། ལྕགས་ཐར་འབུམ།

༄༅།།མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་
(རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།

༄༅།།མཚོ་བྱང་ཁུལ་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་སུ་《དེང་རབས་རྒྱ་ཡིག་ཚིག་མཛོད་
(རྒྱ་བོད་ཤན་སྦྱར)ཀྱི་འགྲེམ་གཏོང་མཛད་སྒོ་སྤེལ།

  • ལེ་ཚན་སྔོན་མ།:འོ་མའི་ནང་ཚད་བརྒལ་གྱི་སྦྱོར་རྟ་ལྡན་པས་བརྟག་དཔྱད་བྱེད་བཞིན་འདུག
  • ལེ་ཚན་རྗེས་མ།:སྤྱི་ཟླ་དྲུག་པར་རྒྱལ་ཡོངས་ཀྱིས་རླངས་འཁོར་ཉོ་སྒྲུབ་བྱས་པའི་དཔྱ་ཁྲལ་ཁྱོན་སྒོར་དུང་ཕྱུར་71ཆག་ཡང་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།