རང་འཁྲིའི་ལས་འགན་ནན་སྒྲུབ་བྱེད།།དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ།།

ལྷ་མཚོས་བྲིས་ཤིང་པར་བླངས།        2022-07-11

སྡེ་དགེ་རྫོང་སྲིད་གྲོས་ཨུ་ཡོན་གྱིས་ཟུང་རོགས་བྱ་སྤྱོད་དོན་འཁྱོལ་བྱས།

རང་འཁྲིའི་ལས་འགན་ནན་སྒྲུབ་བྱེད།།དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ།།སྲིད་གྲོས་ཨུ་ཡོན་ཚེ་དབང་འགྱུར་མེད་དང་བཅས་པས་རྟོག་ཞིབ་ལ་ཕེབས་བཞིན་པའི་ཚུལ།

ཉེ་ཆར་རྫོང་སྲིད་གྲོས་ཨུ་ཡོན་ཚེ་དབང་འགྱུར་མེད་ཀྱིས་ཞིང་ཆེན་དང་ཁུལ་གཉིས་ཀའི་ཟུང་རོགས་བྱེད་སྒོའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་གཙོ་བོར་འཛིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་དང་འགན་འཁྲི་ཁོང་དུ་ཆུད་པ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་རོགས་བྱས།

གཅིག། སི་ཁྲོན་བོད་འབྲེལ་ས་ཁུལ་དུ་འདུས་འདྲིལ་གཅོང་ནད་མཆེད་རྒྱུ་བཀག་འགོག་ནུས་ལྡན་བྱ་དགོས་པའི་སྐོར་གྱི་གྲོས་འགོ་བཏོན་ཡོད།

འདུས་འདྲིལ་གཅོང་ནད་ནི་ལོ་རྒྱུས་རིང་ཞིང་རང་རེའི་ཞིང་ཆེན་གྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་འགོས་ནད་ཆེན་པོ་ཞིག་རེད། སྲིད་གྲོས་ཨུ་ཡོན་ཚེ་དབང་འགྱུར་མེད་ཀྱིས་མ་བསྐུལ་དང་ལེན་གྱིས་གཞི་རིམ་དུ་བཅར་འདྲི་བྱེད་སར་བསྐྱོད་དེ་མང་ཚོགས་ཀྱི་འབོད་སྒྲ་ཟོལ་མེད་ངང་ཉན་པ་དང་འདུས་འདྲིལ་གཅོང་ནད་ཀྱི་གནས་ཚུལ་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་རང་རྫོང་གི་འདུས་འདྲིལ་གཅོང་ནད་སྔོན་འགོག་གི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སི་ཁྲོན་ཞིང་ཆེན་བོད་འབྲེལ་ས་ཁུལ་དུ་འདུས་འདྲིལ་གཅོང་ནད་མཆེད་པ་སྔོན་འགོག་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ་རེད། བསམ་འཆར་དེར་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་གྲོང་ཡུལ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་མཐོང་ཆེན་ཐོབ་ཅིང་། རྗེས་སུ་བོད་འབྲེལ་གྱི་ཁུལ་དང་རྫོང་དུ་འདུས་འདྲིལ་གཅོང་ནད་ཕྱོགས་བསྡུས་འགོག་བཅོས་སྔར་བས་ལག་བསྟར་བྱ་རྒྱུ་དང་། བདེ་ཐང་འདེམས་བཤེར་དང་། བདེ་ཐང་སྐུལ་འདེད། ནད་ཕོག་སྨན་བཅོས་སོགས་ཀྱི་ཕྱོགས་ནས་ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར་བྱས་ཏེ། སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་ཡོད་རྒུས་བརྒྱག་པ་དང་། འདུས་འདྲིལ་གཅོང་ནད་སྨན་བཅོས་ལེགས་འགྲུབ་བྱུང་ཚད་མཐོ་རུ་གཏོང་བ། འདུས་འདྲིལ་གཅོང་ནད་ཀྱི་སྨན་ནུས་མི་ཐོན་པའི་ཚད་དམའ་རུ་གཏོང་ཞིང་། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བཅས་བྱ་རྒྱུ་རེད།

གཉིས། དགོན་སྡེའི་རྨང་གཞི་འཛུགས་སྐྲུན་འཐུས་ཚང་དུ་གཏང་རྒྱུ་དང་། དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་ཡོད།

བདེ་འཇགས་ལས་དོན་ནི་ཆོས་ལུགས་ལས་དོན་གྱི་མཐིལ་ཚད་དང་དམར་ཐིག་ཡིན། སྲིད་གྲོས་ཨུ་ཡོན་ཚེ་དབང་འགྱུར་མེད་ཀྱིས་ཡུལ་དངོས་སུ་དགོན་སྡེ་ཁག་གི་མེ་དང་གློག་གི་སྤྱོད་ཚུལ་ལ་ལྟ་ཞིབ་བྱས་པར་བརྒྱུད། བདེ་འཇགས་ཐོན་སྒོ་དང་། ཁ་ཐོར་འགྲོ་ལམ་གྱི་མེ་ཟོན་སྒྲིག་ཆས། གློག་ཆས་ལམ་ཐིག་འདིང་བ། ཆུ་ཁུངས་མཁོ་སྤྲོད། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་དང་ཞིབ་ཚགས་ངང་ཞིབ་བཤེར་བྱས་པ་དང་འབྲེལ། གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏང་རྒྱུ་དང་དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་པ་རེད། བསམ་འཆར་དེར་སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐོང་ཆེན་ཐོབ་ཡོད། རྗེས་སུ་ལས་གཞིའི་མ་དངུལ་ཁ་གསབ་སྤྲོད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་རིམ་སྤོར་བྱས་ཏེ་དགོན་སྡེའི་གྲྭ་བཙུན་ལ་སྤྱི་པའི་ཞབས་ཞུ་ཡག་པོ་མཁོ་འདོན་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་དགོན་སྡེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་གྲྭ་བཙུན་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ་འགན་ལེན་བྱ་དགོས་རིགས་འགན་ལེན་བྱེད་པ་དང་དུས་མཚུངས་སུ་དུད་སྦྲེལ་གྲྭ་འབྲེལ་སོགས་ཀྱི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་མུ་མཐུད་སྤེལ་ནས་གྲྭ་བཙུན་ལ་བྱ་བ་དངོས་དང་དཀའ་གནད་སེལ་རོགས་བྱ་རྒྱུ་རེད།

གསུམ། ཞིང་ཆེན་རིམ་པའི་གཞུང་ལམ579ལམ་ཐིག་སྡེ་དགེ་རྫོང་ནས་རྒྱུད་པའི་ལམ་ཐིག་འདེམས་པ་འཆར་འགོད་བྱ་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་ཡོད།

མགོ་ལོན་ཡུལ་ཤོག་རྒྱལ་རོང་གྲོང་སྡེ་དང་མགོ་ལོན་གྲོང་སྡེ་སོགས་མང་ཚོགས་དགུན་དུས་འགྲོ་སྐྱོད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད་རྒྱལ་ལམ་215དང317དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། སྡེ་དགེ་རྫོང་ནས་མཐའ་འཁོར་གྱི་རྫོང་དུ་སྐྱོད་པའི་བར་ཐག་ཐུང་དུ་གཏོང་བའི་ཆེད། ཞིང་ཆེན་གཞུང་ལམ579ལམ་ཐིག་དེར་སྡེ་དགེ་བརྒྱུད་པའི་ལམ་ཐིག་འདེམས་པའི་ཇུས་གཞིའི་སྐོར་གྱི་བསམ་འཆར་བཏོན་པ་རེད། བསམ་འཆར་དེར་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་མཐོང་ཆེན་བྱས་ཤིང་། ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་དཀར་མཛེས་ཁུལ་དང་སྡེ་དགེ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ལ་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པར་སྐུལ་འདེད་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་ཅིང་། ལམ་ཐིག་ཐད་ཀྱི་ཇུས་གཞིར་ཞིབ་འཇུག་བྱ་རྒྱུར་ཤུགས་བརྒྱབ་སྟེ། འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་དུ་འབྲེལ་ཞིང་། ལས་གཞིའི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་བྱས་ཏེ་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

སྔར་ནས་ད་བར་དུ་སྲིད་གྲོས་ཨུ་ཡོན་དེས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཐོག་མཐའ་བར་གསུམ་དུ་བསྐྱངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པ་དང་དམངས་དོན་དུ་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་ལུགས་གསལ་བཤད་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སྔར་བས་རང་རྟོགས་ཀྱི་བྱ་སྤྱོད་དང་སྔར་བས་དངོས་གཉེར་གྱི་བྱ་ཐབས་ཐོག་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་ལ་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱས་ཡོད།། 


  • ལེ་ཚན་སྔོན་མ།: ཟླ་བ་དང་པོ་ནས5པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིར་མ་དངུལ་སྒོར་དུང་ཕྱུར123.80 བཏང་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།