ཁུལ་ས་གནས་ལོ་རྒྱུས་ཁང་གིས་དགོངས་དོན་འདི་ལ་སློབ་སྦྱོང་བྱས།

ཨོ་རྒྱན་གྱིས་བསྒྱུར།        2022-07-05

     ཉེ་ཆར།  ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་ཏང་རྩ་འཛུགས༼རྒྱས་འཛོམས༽གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་ལོ་རྒྱུས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་གི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་ནས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་དང་། ཏང་མི་ཚོགས་ཆེན་དང་། སློབ་སྦྱོང་གྲོས་བསྡུར་ཚོགས་འདུ། ལས་བྱེད་པ་དང་ལས་བཟོ་པའི་ཚོགས་ཆེན་སོགས་སྐོང་འཚོགས་བྱེད་པའི་རྣམ་པ་སྤྱད་དེ། སློབ་སྦྱོང་དང་དྲིལ་བསྒྲགས་ཏན་ཏིག་དང་། དགོངས་དོན་གྱི་ངོ་བོ་དང་དོན་སྙིང་གཙོ་བོ་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཐུགས་ཁུར་དངོས་གནས་ཤེས་ཚོར་བཅས་བྱ་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། རང་འགུལ་ངང་དུས་རབས་གསར་པ་ཐོ་འགོད་དང་དུས་རབས་གསར་པ་གཏོད་པའི་འགན་འཁྲི་ཁུར་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།དཀར་མཛེས་ཁུལ་གྱི་གནས་ཚུལ་དྲིལ་བསྒྲགས་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། ལོ་རྒྱུས་རིག་གནས་ཀྱི“མདུན་སྐྱོད་བདུན”གྱི་བྱེད་སྒོ་ཡག་པོ་སྤེལ་བ་བཅས་བྱས་ཏེ་ས་གནས་ཀྱི་བློ་སྟོབས་ཀྱིས“ལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་བ། མི་སྣ་གསོ་སྐྱོང་བཅས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ལས་ཀའི་གཙོ་གནད་ལ་དམིགས་ནས《དཀར་མཛེས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ས་གནས་ཀྱི་ལོ་རྒྱུས་བྱ་གཞག་གོང་སྤེལ་འཆར་འགོད》དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས། 《དཀར་མཛེས་ཁུལ་གྱི་ལོ་དེབ(2022ལོ)》དང《དཀར་མཛེས་ཁུལ་གྱི་དངོས་བྲིས》《དཀར་མཛེས་ཁུལ་གྱི་པར་རིས་དཔེ་དེབ(2022ལོ)》སོགས་དཔེ་དེབ་རྩོམ་སྒྲིག་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་རྫོང(གྲོང་ཁྱེར)ཁག་གི་ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོའི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་ལོ་རྒྱུས་དཔེ་གཟིགས་ཁང་སྐྲུན་པའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་དཀར་མཛེས་ཁུལ་གྱི་ཨང་ཀི་ལོ་རྒྱུས་ཁང(དུས་ཐེངས་གཉིས་པ)ཡི་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།



  • ལེ་ཚན་སྔོན་མ།:དབྱང་ཞིན་ཕིང་གིས་ལས་སྒྲུབ་རུ་ཁག་ཁྲིད་ནས་དར་མདོ་གྲོང་ཁྱེར་དུ་དམིགས་འཛུགས་རོགས་སྐྱོར་ལ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་ལས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ་ཞེས་པའི་ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།