ལོ84སོན་པའི་ཏང་མི་རྒན་པ་འདིའི་ཚེ་གཅིག་གི་བྱ་བ་ལ་རྗེས་སུ་ཡི་རང་།

ཐུབ་ཀྱིས་བྲིས་ཤིང་པར་བླངས།        2022-06-29

   ལོ84སོན་པའི་ཏང་མི་རྒན་པ་འདིའི་ཚེ་གཅིག་གི་བྱ་བ་ལ་རྗེས་སུ་ཡི་རང་།

   ཉེ་ཆར། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ད་ལོར་ལོ84སོན་པའི་ཏང་མི་རྒན་པ་བློ་མཐུན་ཞུང་ཀྲི་རུང་ཆེད་དུ་གདན་འདྲེན་ཞུས་ནས་རྩོམ་སྒྲིག་པ་དང་གསར་འགོད་པ་ཡོངས་རྫོགས་སྒྲིག་འཛུགས་བྱས་ཏེ། ཚགས་པར་ཁང་དེ་གའི་ཐོག་རྩེག་བཞི་པའི་ཚོགས་ཁང་ཆེན་མོར་གསར་བརྗེའི་ཏང་གི་སློབ་ཁྲིད་གསོན་ཉམས་དོད་པོ་ཞིག་བྱས་པ་རེད། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ་ཀྲང་ཅན་གོ་ཡིས་སློབ་ཁྲིད་གཙོ་སྐྱོང་བྱས། 

    བློ་མཐུན་ཞུང་ཀྲི་རུང་ནི་དར་མདོ་སྐྱིད་ཐང་གྲོང་རྡལ་གྱི་མི་ཡིན་ལ་ཞིང་དུད་ཁྱིམ་ཚང་དུ་སྐྱེས། ལོ14ལ་དམག་ནང་དུ་ཞུགས་ཤིང་ལོ20ལ་གུང་ཁྲན་ཏང་ནང་ལ་ཞུགས། ཏང་ལོ65ཡོད་ཅིང་ལོ69ཡི་གསར་བརྗེའི་ལོ་རྒྱུས་ཡོད། དམག་དཔུང་དུ་ཡོད་དུས་བརྒྱ་ཤོག་གི་མགོ་གཙོ་གཞོན་པའི་འགན་བཞེས་ཡོད། དམག་ཁུངས་ནས་ས་གནས་སུ་ལས་གནས་བསྒྱུར་རྗེས། སྔ་ཕྱིར་རྟའུ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་མགོ་གཙོ་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་བཞེས། སྔོན་རྗེས་སུ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་གཟེངས་བསྟོད20ལྷག་ཐོབ་ཡོད། 1998ལོར་ལས་འཁྱུར་ངལ་གསོ་བྱས་རྗེས། སྔར་བཞིན་ཐོག་མའི་བསམ་འདུན་མི་འགྱུར་བར་ཏང་དང་མི་དམངས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། ལྕགས་ཟམ་རྫོང་ཀོན་ཀུང་ལས་དོན་ཨུ་ཡོན་ལྷན་ཁང་གི་གདན་ཞུ་དང་ལེན་བྱས་ཏེ་འོས་འགན་ཕྲག་ཏུ་བླངས་ནས་རྒན་པ་ལྔའི་ནུས་པ་བཏོན་དང་འདོན་བཞིན་ཡོད། ཆབ་སྲིད་ཀྱི་དགའ་ཞེན་ཆེས་ཆེ་བའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ། དེ་བཞིན་བྱེད་སྒོ་གཞན་པའི་ཁྲོད་དུ་ཧུར་ཐག་ཞུགས་པ་རེད།

 

ལོ84སོན་པའི་ཏང་མི་རྒན་པ་འདིའི་ཚེ་གཅིག་གི་བྱ་བ་ལ་རྗེས་སུ་ཡི་རང་།

  ཞུང་ཀྲི་རུང་གིས་ཁོང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་གཙོས་བྱས་ཏེ། སྤྱི་ཚོགས་རྙིང་པ་དང་ཁོའི་ཁྱིམ་ཚང་གི་གནས་ཚུལ། དམག་དང་ཏང་ནང་ཞུགས་ཚུལ། དམངས་གཙོ་བཅོས་བསྒྱུར་གྱི་ལས་དོན་བསྒྲུབས་ཚུལ། དམག་ཁོངས་ནས་ས་གནས་སུ་ལས་བསྒྱུར་བྱས་རྗེས་ཀྱི་ལས་ཀ། ལས་འཁྱུར་ངལ་གསོའི་རྗེས་ཀྱི་ལས་ཀ་བཅས་རང་གི་མྱོང་བ་དང་སྦྲགས་ནས་ལྷུག་པོར་བརྗོད་པ་དང་། དེའི་ཁྲོད་དུ་དངོས་ཡོད་ཀྱི་བྱུང་རབས་ངོ་མཚར་བ་དཔེར་མཚོན་དུ་དྲངས་ཤིང་། སྤྱི་ཚོགས་གསར་རྙིང་བསྡུར་ནས་གླེང་བ། དན་གྲངས་ཞིབ་ཅིང་ཕྲ་བ་བཀོད་དེ་ཚང་མས་ཉན་འདོད་ཆེ་ལ་སེམས་འགུལ་ཡང་དབང་མེད་དུ་ཐེབས་ཐུབ་པའི་གསར་བརྗེའི་སློབ་ཁྲིད་ཡག་པོ་ཞིག་ཚང་མའི་རྣ་བའི་བདུད་རྩིར་ཕུལ་ཡོད། 

   སློབ་ཁྲིད་མཇུག་གྲོལ་རྗེས། ཞུང་ཀྲི་རུང་གིས་ཚང་མ་ལ་ད་ལྟའི་ཐོབ་པར་དཀའ་བའི་འཚོ་བ་སྐྱིད་པོར་གཅེས་འཛིན་ཡག་པོ་བྱ་དགོས་པ་དང་། དད་སེམས་བརྟན་པོར་བཅང་ཞིང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། 《ཏང་གི་སྒྲིག་ཡིག》དང་གཤིབ་བསྡུར་བྱས་ནས་རང་གཅུན་ནན་པོ་བྱེད་པ། ཏང་ཞུགས་དམ་བཅའ་ནམ་ཡང་མི་བརྗེད་པ། ཏང་གི་མགྲིན་ཚབ་པའི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་བྱས་རྗེས་གཞག་ཅིང་སྟོབས་ཤུགས་འབུལ་དགོས་ཞེས་སྐུལ་མ་གནང་བ་རེད།།


  • ལེ་ཚན་སྔོན་མ།:གློ་བ་དཀར་མོ།
  • ལེ་ཚན་རྗེས་མ།: འདབ་པའི་འཁྲབ་སྟོན་ཆེ་གྲས་འདི་ལ་ལྟ་མཁན་བྱེ་བ3འདུག།
  • དོ་སྣང་ཆེ་བའི་རྩོམ།