ས་གནས་ཁག་གིས་འགོག་སྲུང་དམ་དུ་བཏང་ནས་རིམས་ནད་ལ་ཁ་གཏད་གཅོག་བཞིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-12

 ས་གནས་ཁག་གིས་མུ་མཐུད་དེ་རིམ་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རག་ཚགས་དམ་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ལ་གནད་འཕིགས་ཁ་གཏད་གཅོག་བཞིན་ཡོད།
ཉེ་དུས་ཧྲང་ཧའེ་གྲོང་ཁྱེར་གྱིས་རང་ས་ཆ་ནས་ཐོན་པའི་གདགས་གཤིས་ཡིན་མཁན་སྙན་སེང་བསྟུད་མར་ཞུས་པ་དང་། རིམས་ནད་སྤྱི་ཚོགས་ཐོག་འགོས་ཁྱབ་འགྲོ་བར་ཉེན་ཁ་སྔར་བཞིན་ཆེན་པོ་ཡོད་པ་རེད།

རིམས་ནད་གང་མགྱོགས་ཚོད་འཛིན་ཐུབ་ཆེད་དུ་ཧྲང་ཧའེ་ཡིས་ཆུས་འགའ་ཤས་སུ་གྲོང་མི་ཡོངས་ཉིང་སྐྱུར་ཚགས་བཤེར་བྱེད་རྒྱུ་ཡིན་པ་དང་། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཏན་ཏན་གྱིས། སྤྱི་ཟླ་7པའི་ཚེས་12ཉིན་ནས་14ཉིན་བར་ཉིན་གསུམ་ནང་ཉིང་སྐྱུར་ཐེངས་གཉིས་རེ་བྱས་ནས་ཐེམ་དུད་གཅིག་དང་མི་གཅིག་རྐྱང་མི་ལུས་པར་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ཚེས་11ཉིན་གྱི་ཐོ་རེངས་སུ་སླེབས་དུས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཁུལ་བཞིར་གཟའ་འཁོར་གཅིག་རིང་གནས་སྐབས་དོ་དམ་ཚོད་འཛིན་བྱེད་པའི་བྱེད་ཐབས་ལག་ལེན་བསྟར་ཡོད། སྤྱི་པའི་སྤྲོ་སྐྱིད་སྤྲོ་གསེང་ཁང་དང་མི་ཚོགས་འདུ་འཛོམས་ཆེ་ས་གཟའ་འཁོར་གཅིག་རིང་གནས་སྐབས་ལས་མཚམས་འཇོག་རྒྱུ་ཡིན་པ་རེད། བཟའ་འཐུང་ལས་རིགས་ཚན་པས་ཀྱང་གཟའ་འཁོར་གཅིག་རིང་ཟ་ཁང་ནང་དུ་ཁ་ལག་བཟའ་རིགས་མཚམས་འཇོག་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།