མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-12

   བསོད་ནམས་དབང་གྲགས་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སྤུ་ཤོད་གྲོང་ཚོ་ནས་ཡིན་པ་དང་ཕ་མ་གཉིས་ཀ་ཞིང་འབྲོག་དཀྱུས་མ་ཡིན། གྲོང་ཚོའི་ནང་གི་སློབ་གྲྭ་འགྲིམས་ནས་ཕྱི་ཕྱོགས་སུ་བསྐྱོད་པའི་ཕྲུ་གུ་དང་པོ་ཡིན་པའི་ངོས་ནས་ཁོང་ལོ་16ལ་སླེབས་སྐབས་ལན་ཀྲོའུ་ལྕགས་ལམ་འཕྲུལ་ཆས་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གྲྭར་སྐྱོད་འགོ་ཚུགས་ཤིང་། དེའང་ཁོང་ཉིད་མེ་འཁོར་ལ་སྡོད་ཐེངས་དང་པོ་དེ་ཡིན་ཏེ། ཁོང་ཉིད་སྔོན་ལ་ཆབ་མདོ་ནས་ཉིན་མཚན་གཅིག་རིང་ཐག་རིང་རླངས་འཁོར་བསྡད་དེ་ལྷ་སར་ཡོང་བ་དང་།དེ་རྗེས་ཡང་ཆུ་ཚོད་24རིང་རླངས་འཁོར་བསྡད་དེ་མཚོ་སྔོན་ན་གོར་མོར་འབྱོར་ནས་ན་གོར་མོ་མེ་འཁོར་བབས་ཚུགས་སུ་ལན་ཀྲོའུ་རུ་སྐྱོད་པའི་མེ་འཁོར་བསྡད་ཅིང་། “སྐབས་དེ་དུས་མེ་འཁོར་ཧ་ཅང་མགྱོགས་པོ་འདུག་ལ་བརྟན་པོ་ཡང་འདུག” ཅེས་བསོད་ནམས་དབང་གྲགས་ཀྱིས་ཕྱིར་དྲན་བྱེད་ཞོར་དུ་དེ་ལྟར་གསུངས། 

མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།

    སྤྱི་ལོ་2006ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་བོད་དུ་མེ་འཁོར་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཕྱི་ལོར་བསོད་ནམས་དབང་གྲགས་ཆེད་ཚན་སློབ་གྲྭ་ཆེ་མོ་ཐོན་ནས་མཚོ་བོད་ལྕགས་ལམ་ཟི་ལིང་འཕྲུལ་དོན་དུམ་བུའི་མེ་འཁོར་གྱི་ཁ་ལོ་བ་ཞིག་ཏུ་གྱུར། མེ་འཁོར་གཏོང་བའི་ལམ་བར་དུ་བསོད་ནམས་དབང་གྲགས་དང་ལས་རོགས་ཚོས་རྟག་ཏུ་གཙོད་དང་།རྐྱང་།འབྲོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་གི་ཡོད། ཁོང་གིས་“དེ་དག་ལས་ལ་ལས་རྩྭ་ཟ་བ་དང་ལ་ལས་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱི་ཡོད།ང་ཚོས་སྲོག་ཆགས་དེ་ཚོར་བར་ཆད་མི་བཟོ་བའི་ཆེད་ཅི་ནུས་གང་ནུས་ཀྱིས་དུང་བརྡ་གཏོང་གི་མེད”ཅེས་གསུངས།

མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།

    སྤྱི་ལོ་2014ལོའི་ཟླ་8པར་ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ལོ་དེར་བསོད་ནམས་དབང་གྲགས་ཀྱང་མཚོ་བོད་ལྕགས་ལམ་ཟི་ལིང་འཕྲུལ་དོན་དུམ་བུ་ནས་ན་གོར་མོ་འཕྲུལ་དོན་དུམ་བུའི་བར་སྐོང་འཐེན་བྱས་ཏེ་ནང་འབར་འཕྲུལ་འཁོར་བཏང་ནས་ལྷ་ས་དང་གཞིས་རྩེ་བར་འགྲོ་འོང་བྱས། ན་ནིང་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་བསྐྱར་དར་རྟགས་ཅན་གྱིས་གངས་ལྗོངས་ས་མཐོར་ཐོག་མར་བསྐྱོད་དེ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་པ་དང་གྲོང་ཁྱེར་དེ་གཉིས་ཀྱི་འགྲོ་ཐེངས་གཅིག་གི་ལམ་ཐག་དེ་གཞུང་ལམ་ཐོག་སྐྱོད་པའི་ཆུ་ཚོད་5ནས་ཆུ་ཚོད་3ལྷག་ཙམ་བར་ཐུང་དུ་བཏང་བ་རེད།  

ལོ་ངོ་16གི་རིང་བསོད་ནམས་དབང་གྲགས་སློབ་མ་ཞིག་ནས་ཁ་ལོ་བ་གཞོན་པ་ཞིག་དང་། དེ་ནས་རིམ་བཞིན་ཁ་ལོ་བ་རྒན་པ་ཞིག་ཏུ་གྱུར་བ་དང་།ཁོང་གིས་ཁ་ལོ་བསྒྱུར་བའི་མེ་འཁོར་ཡང་དང་ཐོག་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ནང་འབར་འཕྲུལ་འཁོར་ནས་ཀྲུང་གོས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་བསྐྱར་དར་རྟགས་ཅན་དུ་གྱུར་ཡོད། ཁོང་གིས་“ཤུགས་འགྲེམས་མེ་འཁོར་བཏང་རྗེས་མྱུར་ཚད་དེ་བས་མགྱོགས་སུ་ཕྱིན་ནས་བཀོལ་སྤྱོད་ཀྱང་དེ་བས་སྟབས་བདེ་རུ་ཕྱིན་སོང” ཞེས་གསུངས།

མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།

    འདས་ཟིན་པའི་ལོ་བཅུའི་ནང་བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ལྷ་གཞིས་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སྔ་རྗེས་སུ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་མཚོ་བོད་ལྕགས་ལམ་དང་ཐུན་མོང་ཐོག“Y”དབྱིབས་ཀྱི་སྒྲོམ་གཞི་གཙོ་བོ་དང་ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་1400ཙམ་ཟིན་ཡོད་པ་རེད། 

ལྷ་ས་མེ་འཁོར་བབས་ཚུགས་ནི་ལྷ་ཉིང་དང་།ལྷ་གཞིས།མཚོ་བོད་ལྕགས་ལམ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། གྲངས་གཞི་ལས་མངོན་པར། ལྷ་ས་མེ་འཁོར་བབས་ཚུགས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལོ་2007ལོའི་མི་ཐེངས་ཁྲི་224ནས་2021ལོའི་མི་ཐེངས་ཁྲི་400ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད། 

མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།

    ས་མཐོའི་ལྕགས་ལམ་གྱིས་ཀྱང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད་དེ། བསོད་ནམས་དབང་གྲགས་ཀྱིས་མྱོང་ཚོར་ཟབ་མོའི་ངང “དཔེར་ན་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་དེ་སྔ་ཁང་པ་ཐོག་གཅིག་མ་ཡིན་ཞིང་།ད་ཆ་སྣེའུ་ཁུལ་གསར་འཕེལ་རྒྱས་ཕྱིན་ནས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ནས་ཡུལ་སྐོར་བའང་མང་དུ་ཕྱིན་ཡོད”ཅེས་གསུངས་པ་རེད།

    ལྷ་ཉིང་ལྕགས་ལམ་ནི་ད་ལྟ་སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཆར་འགོད་ལ་གཞིགས་ན། སླད་ཕྱིན་ཁྲོན་བོད་ལྕགས་ལམ་དེ་བསོད་ནམས་དབང་གྲགས་ཀྱི་ཕ་ཡུལ་ཆབ་མདོ་བརྒྱུད་རྒྱུ་རེད། 

     བསོད་ནམས་དབང་གྲགས་ཀྱིས། ངའི་ཨ་མ་ད་བར་ད་དུང་མེ་འཁོར་ལ་བསྡད་མྱོང་མེད། ཆབ་མདོའི་ཡུལ་མི་མང་པོ་ཞིག་གིས་ཀྱང་ད་བར་མེ་འཁོར་མཐོང་མྱོང་མེད། ཁྲོན་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ངས་ངའི་ཨ་མ་ཡང་མེ་འཁོར་ལ་བཞུགས་ཏེ་བོད་ཀྱི་ས་ཆ་མང་པོར་བསྐྱོད་ཐུབ་རྒྱུའི་རེ་བ་བཅངས་ཡོད་ལ། ཁོང་ལ་དེང་རབས་ལྕགས་ལམ་འཛུགས་སྐྲུན་ལས་བྱུང་བའི་འགྲོ་སྐྱོད་སྟབས་བདེ་ཚོར་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།

  • ལེ་ཚན་སྔོན་མ།:སྨན་བཅོས་འགན་བཅོལ་གྱི་དངུལ་འདི་ཇེ་མང་དུ་གཏོང་རྒྱུ་རེད།
  • ལེ་ཚན་རྗེས་མ།:ས་གནས་ཁག་གིས་འགོག་སྲུང་དམ་དུ་བཏང་ནས་རིམས་ནད་ལ་ཁ་གཏད་གཅོག་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།