ཞི་ཅིན་ཕིང་ནས་ཨན་པེ་ཅིན་སན་གྲོངས་པའི་ཐད་མྱ་ངན་ཞུ་འཕྲིན་བཏང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-07-12

    སྤྱི་ཟླ་7ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྲོངས་པར་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་། ཁོང་སྒེར་གྱི་མིང་ཐོག་ནས་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྲོངས་པར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱི་ཁྱིམ་མིར་ཐུགས་གསོའི་འཚམས་འདྲི་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས། དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱིས་གོ་གནས་འཁུར་རིང་ཀྲུང་ལྗར་འབྲེལ་བ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་ནས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ང་དང་ཁོང་དབར་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་ལྗར་འབྲེལ་བ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཁོང་གློ་བུར་དུ་གྲོངས་བར་ང་ཕངས་སེམས་ཆེན་པོ་སྐྱེས་བྱུང་། ངས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཉམ་དུ་ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་ལ་ཕབ་པའི་རྩ་དོན་ཁག་ལ་གཞིགས་ཏེ་ཀྲུང་གོ་དང་ལྗར་པན་གྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་བསྟན་ཡོད། ཉིན་དེར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་དགེ་རྒན་ཆེན་མོ་བ་ཕེང་ལི་ཡོན་གྱིས་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱི་སྐུ་ཟླ་མཁྱེན་ལྡན་མ་ཨན་པེ་ཀྲའོ་ཧུའེ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ་མྱ་ངན་དང་ཐུགས་གསོའི་འཚམས་འདྲི་ཞུས་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་ནས་དུག་རྫས་སྤྱི་རྒྱ་8རྩད་ཆོད་བྱུང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།