སི་ཁྲོན་ནས་དུག་རྫས་སྤྱི་རྒྱ་8རྩད་ཆོད་བྱུང་བ།

        2022-04-06

སི་ཁྲོན་ནས་དུག་རྫས་སྤྱི་རྒྱ་8རྩད་ཆོད་བྱུང་བ།

 སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ཞུས་ཡུང་རྫོང་སྤྱི་བདེ་ཅུས་ཀྱིས་ཚེས་31ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་ཉེ་ཆར་ཞུས་ཡུང་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་སྣེ་ཁྲིད་དེ་གཤེར་གཟུགས་དུག་རྫས་ཧའེ་ལུའོ་དབྱིན་ལྐོག་འཚོང་རྒྱག་པའི་གྱོད་གཞི་ཞིག་རྩད་ཆོད་བྱུང་ནས་དུག་རྫས་ཧའེ་ལུའོ་དབྱིན་སྤྱི་རྒྱ་8གཞུང་བཞེས་བཏང་བ་རེད།    

   ཟླ་2ཚེས་28ཉིན་ནས་ཟླ་3ཚེས་12ཉིན་བར། ལུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཡན་ལག་རུ་ཁག་གིས་ཞུས་ཡུང་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་སྣེ་ཁྲིད་དེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་དང་ཕུའུ་ཨེར་ཉེན་རྟོག་ཕྱོགས་ཀྱི་མཐུན་སྦྱོར་འོག དུས་ཡུན་ཉིན་13སྤྱད་ཅིང་སི་ཁྲོན་དང་ཡུན་ནན་གྱི་མཐའ་མཚམས་སུ་སྤྱི་ལེ་5000ལྷག་ཙམ་བསྐྱོད་མཐར། དུག་རྫས་ལྐོག་འཚོང་བྱེད་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་བྱུང་སྟེ། ཉེས་གསོག་དོགས་ཅན་5འཛིན་བཟུང་བྱས་པ་དང་། རླངས་འཁོར་2གནས་སྐབས་བཀག་ཉར་བྱས་པ། གཤེར་གཟུགས་དུག་རྫས་ཧའེ་ལུའོ་དབྱིན་སྤྱི་རྒྱ་8གཞུང་བཞེས་བཏང་བ་རེད། 

   2022ལོའི་ཟླ་2པར། ལུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཡན་ལག་རུ་ཁག་གིས་ཞུས་ཡུང་ནས་ཡིན་པའི་དུག་རྫས་ཚོང་མཁན་ཞིག་གིས་ཡུན་ནན་ནས་དུག་རྫས་ཁག་གཅིག་ཉོས་ཏེ་ཞུས་ཡུང་དུ་དབོར་འདྲེན་བྱ་རྩིས་ཡོད་པའི་དུག་རྫས་ཀྱི་ཁུངས་སྣེ་ཞིག་གཤམ་སྤྲོད་བྱས་པ་དང་། དུས་མཚུངས་སུ་ཞུས་ཡུང་རྫོང་སྤྱི་བདེ་ཅུས་དུག་འགོག་རུ་ཆེན་གྱིས་ཀྱང་ཡུན་ནན་ནས་དུག་ཚོང་ཐད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱུང་བ་རེད། 

   ཟླ་3པའི་ཚེས་4ཉིན། ཞུས་ཡུང་ནས་ཡིན་པའི་དུག་ཚོང་མཁན་ཝེ་ཆེ་གེ་མོས་རང་ཉིད་ཀྱི་ཚོང་ར་རྒྱ་བསྐྱེད་སྙམ་ནས། ཡུན་ནན་ནས་ཡིན་པའི་དུག་ཚོང་མཁན་ལི་ཆེ་གེ་མོ་ངོ་ཤེས་པ་དང་དེ་ཉིད་ཞུས་ཡུང་དུ་གདན་དྲངས། ལི་ཆེ་གེ་མོ་ཞུས་ཡུང་དུ་འབྱོར་རྗེས་ཝེ་ཆེ་གེ་མོ་དང་མཉམ་དུ་དུག་རྫས་ཉོ་རྒྱུའི་སྐོར་གྲོས་བསྡུར་བྱས། ཕྱོགས་གཉིས་བར་རིན་གོང་གཏན་འཁེལ་བྱུང་མཐར་མཉམ་དུ་རླངས་འཁོར་བཏང་སྟེ་ཡུན་ནན་དུ་ཚོང་རྫས་ལེན་སར་སོང་། 

   ཟླ་3པའི་ཚེས་10ཉིན། ཝེ་ཆེ་གེ་མོ་ཡིས་རང་གི་གཉེན་ཉེ་ཝེ་ཆེ་གེ་མོ་སྐད་བཏང་ནས་མཉམ་དུ་རླངས་འཁོར་བཏང་ནས་སོང་བ་དང་། ཁོ་ཚོ་མི་3ཡུན་ནན་དུ་སླེབས་རྗེས། ལི་ཆེ་གེ་མོ་ཆིང་དང་ངོ་ཐུག་བྱས། དེ་དུས་ཝེ་ཆེ་གེ་མོ་མིང་གིས་འགྱུར་རྟེན་སྒོར་ཁྲི་20སྤྲད་པ་དང་། ཉིན་གཉིས་པར་མཇུག་དངུལ་རྣམས་སྤྲད་རྗེས་དུག་རྫས་ལག་ཏུ་ལེན་ཐུབ་ཡོད་པ་རེད།

   ཟླ་3ཚེས་12ཉིན། ཝུ་ཆེ་གེ་མོ་སོགས་ཀྱིས་དུག་རྫས་ཞུས་ཡུང་དུ་དབོར་འདྲེན་བྱེད་རིང་། དུག་འགོག་རུ་ཆེན་མི་དམངས་ཉེན་རྟོག་པས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བཏང་ཡོད་པ་རེད། ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཁུན་མོ་མྱུར་བགྲོད་གཞུང་ལམ་གྱི་མོ་ཅང་དུག་རྫས་ཞིབ་བཤེར་ས་ཚིགས་སུ་ཝེ་ཆེ་གེ་མོ་མིང་སོགས་འཛིན་བཟུང་བྱས་པ་མ་ཟད། དེས་བཏང་བའི་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་ནང་ནས་གཤེར་གཟུགས་ཀྱི་དུག་རྫས་ཧའེ་ལུའོ་དབྱིན་རྩད་ཆོད་བྱུང་བ་རེད། 


  • ལེ་ཚན་སྔོན་མ།:པེད་ཏིན་གྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒེར་གྱི་ཉེས་གཅོད་ལ་རྒོལ་བའི་བཅའ་ཁྲིམས་ཐོག་མའི་སྟེང་མིང་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།