ཕྱེ་མ་ལེབ།

ཀུན་བཟང་དར་རྒྱས།        2022-04-01

ང་ལ་ན་ཟུག་གི་མནར་གཅོད་མེད།

ང་ལ་ཁེར་རྐྱང་གི་མཆུ་སྦྲང་ཡང་མེད།

མེ་ལོང་གི་གཟུགས་བརྙན་ནང་དུ།

ང་རང་འཇམ་ཅག་གེ་བར་འདུག་འདོད།

གཞན་དག་གང་ཡང་མི་བསམས་པར།

ཕུགས་བསམ་གྱིས་ང་རང་འདྲུད་བཞིན་འདུག།

ངལ་དུབ་ཀྱིས་ང་རང་བསུ་བཞིན་འདུག།

ཡིན་ཡང་། ང་རང་སྐྱིད་མོར་ཉལ་ན་འདོད།

ཉལ་ན་འདོད།

ང་རང་ནི་སྤུ་མེད་ཀྱི་ཕྱེ་མ་ལེབ་ཅིག།

རྨི་ལམ་ཕལ་བ་ཞིག་ལ་རོལ་འོས་སམ།



  • ལེ་ཚན་སྔོན་མ།:ཕ་ཡུལ་གསེར་གྱི་གཞོང་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།