ཡིབ་ལ་ཉེ་བའི་མི་ཚེ།

སྒ་ངག་ཆོས།        2022-03-25

ང་རང་གིས་ཕུགས་བསམ་གཅིག་ཁྱེར་ནས།

ཡིག་ཚོགས་ཀྱིས་འཇིག་རྟེན་བསྒུལ་བར་འདོད་ཀྱང་།

རྣམ་པ་གཡེང་བའི་ལེ་ལོ་ཡིས་མི་ཚེ་བརླག

བརླགས་ཟིན་ནས་ཕྱི་རྙེད་མེད་ཀྱང་སྲིད། དགོངས་དག་ཞུ།

ངའི་ཡོད་ཚད་ཀྱིས་ཁྱོད་ཀྱི་རེ་འདོད་བསྐང་

བ་རློམ་མཁན་རྣམས།

ཡིག་ཚོགས་ཀྱི་དཀྱིལ་ནས་མི་ཚེའི་ཕུགས་བསམ་བཙལ།

ཕུགས་བསམ་ལ་འཐིམ་པའི་མི་ཚེའི་དོན་སྙིང་བཙལ།

ངས་དོན་སྙིང་འདི་དག་རྣམ་གཡེང་གི་

བར་ནས་བོར་སོང་།

བོར་ཟིན་ནས་ཕྱི་རྙེད་མེད་ཀྱང་སྲིད། དགོངས་དག་ཞུ།

སྙིང་ཉེ་བའི་བློ་དཀར་རྣམ་པ།

ངས་ཁྱོད་ཅག་གི་རེ་བའི་མར་མེ་སྦར་མ་ཐུབ།

དོན་སྙིང་ཡོད་ཚད་འབད་པ་ལས་རྙེད་པ་ཡིན།

ཕུགས་བསམ་ཡོད་ཚད་བསམ་གཞིག་གིས་བྱིན་པ་ཡིན།

སྐྱེས་པ་ཕོ། རང་གི་འདོད་པ་ལྟར་གྱི་བྱ་བ་

དག་ལ་ཅིའི་ཕྱིར་མི་བརྩོན།

སྐྱེས་པ་ཕོ།

བོད་ཀྱི་ནམ་མཁའ་ལྟ་བུ་ཁྱོད་ཀྱི་ལྷན་སྐྱེས་ལ་

སྤྱི་ཚོགས་ཀྱི་མི་གཤིས་མ་སྒོས།

དྭངས་གཙང་གི་རྫ་ཆབ་ལྟ་བུ་ནང་ཆོས་ཀྱི་

བསམ་བློ་ཁྱོད་ཀྱི་རུས་ལ་བསྟིམ།

  • ལེ་ཚན་སྔོན་མ།:ཀོ་གྲུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།