ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་འདུག།

        2022-03-24

ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་འདུག།

  ཟླ3པའི་ཚེས21ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཡིད་རྟོན་ཨུ་ལྷན་གྱིས། ཨུ་རུ་སིའི་བུད་མེད་ཀྱི་འདུར་རྒྱུག་འགྲན་ཞུགས་པ་ལཱ་ཧྲི་མ་ནུའོ་ཝ་ཡིས་སྒྲིག་འགལ་གྱི་སྨན་འཐུང་བའི་རྐྱེན་གྱིས་ལོ2ལ་འགྲན་སྡུར་ནང་ཞུགས་མི་ཆོག་པ་དང་། མོས2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་གསེར་གྱི་རྟགས་མ་ཐོབ་པའི་གྲུབ་འབྲས་ཡང་མེད་པ་བཟོས་པའི་བརྡ་ཁྱབ་བཏང་ཡོད། དངུལ་གྱི་རྟགས་མ་ཐོབ་པའི་ཨུ་རུ་སིའི་ལུས་རྩལ་པ་གྲགས་ཅན་ཁཱ་ཉི་སི་ཅིན་ན་ལ2015ལོར་ཡང་བསྐྱར་བརྟག་བཤེར་བྱས་པ་བརྒྱུད་སྒྲིག་འགལ་གྱི་སྨན་འཐུང་ཡོད་པ་ཤེས་ནས་དངུལ་གྱི་རྟགས་མ་མེད་པར་བཟོས། དེ་ལྟར། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་ཚང་མ་ཀྲུང་གོའི་འགྲན་ཞུགས་པར་ཐོབ་འདུག། སྔར་ཟངས་ཀྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ལ་རིམ་གསབ་བྱས་པ་ལས་དངུལ་གྱི་རྟགས་མ་ཐོབ་པ་དང་། ད་ལྟ་ཡང་བསྐྱར་རིམ་གསབ་བྱས་པས་གསེར་གྱི་རྟགས་མ་ཐོབ་འདུག། ལིའུ་ཧུང་དང་ལུའི་ཞིའུ་ཀྲི་ལ་སོ་སོར་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་རིམ་གསབ་བྱས་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་སྐྲུན་པར་རོགས་རམ་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10