རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།

ནོར་བུས་བསྒྱུར།        2022-03-24

གཏམ་བཟང་། 

ཉེ་ཆར། རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། འཚུབ་བསྟུན་དོ་དམ་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག2018ལོ་ནས2020ལོའི་བར་གྱི་གཞུང་ལམ་སྐྱེལ་འདྲེན་འཛུགས་སྐྲུན་ལས་གཞི“ཉེན་མེད་ལས་གྲྭ”ཞེས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དང་འུ་ལག་རི་བོའི་ཕུག་ལམ་ནི་ད་ཐེངས་སི་ཁྲོན་ཞིང་ཆེན་གྱིཉེན་མེད་ལས་གྲྭཡི་མཚན་སྙན་གཅིག་པུ་ཐོབ་པའི་གཞུང་ལམ་སྐྱེལ་འདྲེན་འཛུགས་སྐྲུན་གྱི་ལས་གཞི་རེད།

 རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།
ཉེན་མེད་ལས་གྲྭ། 

   བྱ་དགའ་དེ་ནི་རང་རྒྱལ་གྱི་གཞུང་ལམ་སྐྱེལ་འདྲེན་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཉེན་མེད་ཐོན་སྐྱེད་དོ་དམ་ཐད་ཀྱི་མཚན་སྙན་མཐོ་ཤོས་དེ་ཡིན་པ་དང་། ཉེན་མེད་དོ་དམ་ཁྱབ་ཁོངས་ཀྱི“ལུའུ་པན་བྱ་དགའ”ཞེས་བརྗོད་ཀྱི་ཡོད། མཚན་སྙན་ལས་གཞི་དེ་ནི་རྒྱལ་ཡོངས་ས་གནས་ཁག་གི་འཛུགས་སྐྲུན་གཞི་ཁྱོན་ཆེ་བ་དང་། ཨར་ལས་བཟོ་རྩལ་རྙོག་འཛིང་ཆེ་བ། ལས་སྒྲུབ་བདེ་འཇགས་ཀྱི་ཉེན་ཁ་ཆེ་བ། འཛུགས་སྐྲུན་གྱི་ཕན་འབྲས་ཆེ་བ།“མི་ཤི་རྐྱེན་མ་ཐེབས་པའི”འཛུགས་སྐྲུན་ལས་གྲྭ་ཞིག་རེད། 

ལས་གྲྭའི་མིང་བྱང་།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་ས་བབ་མཐོ་བ་དང་། ས་ཡོམ་རྒྱག་ཤུགས་ཆེ་ཁུལ། རྙོག་འཛིང་དང་རླུང་ཤུགས་ཆེ་བའི་ཁོར་ཡུག་ཏུ་བསྐྲུན་པའི་བར་ཐག་ཤིན་ཏུ་རིང་བའི་དཔྱང་ཟམ་ཞིག་དང་། ཟམ་ངོས་ནས་རྒྱལ་མོ་རྔུལ་ཆུའི་བར་མཐོ་ཚད་སྨི239ཡོད། དྲག་རླུང་ཆེས་ཆེ་བའི་ཁོར་ཡུག་རྙོག་འཛིང་ཅན་ཞིག་ཏུ་བསྐྲུན་པའི་ཟམ་ཆེན་ཞིག་ཡིན།

 རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།
རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།

འུ་ལག་རི་བོའི་ཕུག་ལམ་གྱི་སྤྱིའི་རིང་ཚད་སྟོང་སྨི13.4ཡོད་པ་དང་། གས་སྲུབས་ས་རྒྱུད13བརྒྱུད་པའི་ཕུག་ལམ་གྱི་ས་ཁོངས་རང་བཞིན་དང་། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཧ་ཅང་ཆེ་ལ་གནོད་འཚེ་མང་བ། ཨར་སྐྲུན་བརྒྱུད་རིམ་ཁྲོད་གས་སྲུབས་ནས་ཆད་པ་དང་། བྲག་རྡོ་གས་པ། བཟོ་ལྟ་འགྱུར་བ། ཆུ་བཞུར་བ་སོགས་ས་གཤིས་ཀྱི་གནོད་འཚེ་ངན་པ་ཐོན་གྱི་ཡོད། 

དོ་དམ་བྱེད་ཐབས།

རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།

   ཚོད་འཛིན་རང་བཞིན་གྱི་ལས་གྲྭ་འདི་གཉིས་འཛུགས་སྐྲུན་བྱེད་སྐབས་ཁོར་ཡུག་ངན་པར་འཕྲད་ཡོད་པས། འཛུགས་སྐྲུན་བྱེད་མཁན་ཕྱོགས་སོ་སོས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོར་བཟུང་། ཕྱོགས་བསྡུས་བཅོས་སྐྱོང”བཅས་ཀྱི་ཉེན་མེད་ཐོན་སྐྱེད་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིབ་མོ་བློ་ཡིས་སྒྲིག་འཛུགས་དང་། ཚན་རིག་དང་མཐུན་པའི་དོ་དམ། ཡང་དག་པར་བརྩོན་ལེན་བཅས་བྱས་ཡོད།

རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།
རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།


  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་འདུག།
  • ལེ་ཚན་རྗེས་མ།:འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10