ཧྥེང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། ཉག་རོང། ཉག་ཆུ་བཅས་སུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-23

སྤྱི་ཟླ3ཚེས12ནས17ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་སྔ་རྗེས་སུ་རྟའུ་དང་བྲག་མགོ། དཀར་མཛེས། ཉག་རོང་། ཉག་ཆུ་སོགས་རྫོང་དུ་ཕེབས་ནས“གསུམ་འགོག་གཉིས་སྲུང”དང་། ཡུལ་སྡེ་དར་རྒྱས། ཞིང་འབྲོག་ཐོན་ལས། གྲོང་ཡུལ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་དང་བརྟག་ཞིབ་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་པ་དང་བསྟུན་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྒྱུན་འཁྱོངས་ནས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་སྔར་བས་མང་བ་ཡོང་དགོས་པའི་ནན་གསུང་གནང་བ་རེད།།

རྟའུ་རྫོང་གི་ཞིང་ལས་ཁྱད་ཆོས་ལྡན་པའི་ཐོན་རྫས་ལས་སྣོན་གླིང་དང་། བྲག་མགོ་རྫོང་འོ་སེ་ཇ་བཟོ་གྲྭ། བྲག་མགོ་རྫོང་གི་དགུན་དཔྱིད་གཉིས་ཀྱི་སྔོ་ཚལ་མཁོ་སྤྲོད་རྟེན་གཞི་དང་དཀར་མཛེས་རྫོང་གི་ཁམས་བྱང་ཞིང་ལས་ཐོན་རྫས་ལས་སྣོན་གསོག་འགྲེམས་གླིང་ཁུལ། དཀར་མཛེས་རྫོང་གི་ཁམས་པ་ལ་འབྱུང་འཕྲོད་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་། དཀར་མཛེས་རྫོང་གི་མཁར་སྒང་གཟན་རྩྭའི་རྟེན་གཞི། དཀར་མཛེས་རྫོང་གི་གེ་སར་ནས་ཀྱི་རིག་གནས་ཐོན་ལས་གླིང་། དཀར་མཛེས་རྫོང་གི་ནས་ཀྱི་སོན་བཟང་འདེམས་གསོ་ལྟེ་གནས།ཉག་རོང་རྫོང་གི་བང་སྨད་ཡུལ་ཤོག་རི་སྣེ་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཐོན་ལས་དཔེ་སྟོན་གླིང་སོགས་གླིང་ཁུལ་དང་རྟེན་གཞིར་ཧྥེང་ཧྥ་ཀུའེ་ཡིས་ཁེ་ལས་ཀྱི་འགན་འཁུར་བ་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བར་སྤེལ་རེས་ཟབ་མོ་གནང་ནས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་ཁེ་ལས་ཀྱི་ཐོན་སྐྱེད་བཟོ་རྩལ་ཚད་གཞི་དང་། གཉེར་སྐྱོང་། བྲིན་ཚོང་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས། ཁོང་གིས་ས་གནས་ཁག་གིས་ཐོན་ཁུངས་ཀྱི་སྤུས་ཚད་ལ་བརྟེན་ནས་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། དེང་རབས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་རྟེན་གཞི་བསྐྲུན་རྒྱུར་དམིགས་ནས་ཁྲོམ་རའི་དགོས་མཁོ་ལ་བརྟེན་ནས་སྔོན་སྒྲིག་དང་ཁུངས་འདེད། རིག་ནུས། ལྟ་སྐོར། ཉམས་ལེན་། སྒྲིག་བཀོད་བཅས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེར་བཏང་སྟེ་ཆ་རྐྱེན་ཡོད་པའི་ས་ཆར་འཕྲུལ་ཆས་ཅན་དང་། གཞི་ཁྱོན་ཅན། ཚན་རྩལ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་ཐོན་ལས་ཀྱི་འབྲེལ་ཐག་སྣུར་སྲིང་དང་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཐོག་ཐོན་སྐྱེད་དང་བྲིན་ཚོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དྲྭ་རྒྱའི་ཚོང་གཉེར་ངོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རང་ཁུལ་ལྷོ་རྒྱུད་རྫོང་ཁག་ཏུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།: ནང་སོག་ཞོག་ཁོག་རོང་བྲག་ཡུལ་དུ་བཏབ།། འབྲས་བུ་གཡུར་ཟས་ཕྱུག་འགྱུར་རེ་བ་བསྩལ།།
  • དོ་སྣང་ཆེ་བའི་རྩོམ།