ལྷ་འཛོམས་ཀྱིས་བསྒྱུར། 2022-03-23
ཉག་ཆུ་ཁའི་ཆུ་གཉིས་མདོ་གློག་འདོན་ཁང་གི་འཕྲུལ་ཚན་ཚང་མ་ནས་གློག་གཏོང་བའི་མཛད་སྒོ་སྤེལ་ཡུལ།
སྤྱི་ཟླ3ཚེས18ཉིན་ལ་དཀར་མཛེས་ཁུལ་དང་ཉག་ཆུ་སྤྱི་གཉེར་ཁང་བར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཉག་ཆུའི་ཆུ་གཉིས་མདོ་ཆུ་གློག་ཁང་གི་འཕྲུལ་ཚན་ཚང་མ་ནས་གློག་གཏོང་བའི་མཛད་སྒོ་ཉག་ཆུ་རྫོང་དུ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཉག་ཆུ་སྤྱི་གཉེར་ཁང་གི་རྐང་དཔོན་ཆི་ཉིང་ཁྲུན། སྤྱི་ཁྱབ་གཉེར་དཔོན་གོ་ཞུའེ་ཡོན་བཅས་མཛད་སྒོར་ཕེབས་ཡོད།
གན་རྒྱ་འཇོག་པའི་མཛད་སྒོར་ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཕྱོགས་གཉིས་པོས་གྲོས་མཐུན་བཞག་པ་དང་ཆུ་གཉིས་མདོ་ཆུ་གློག་ཁང་གི་འཕྲུལ་ཚན་ཚང་མ་ནས་གློག་གཏོང་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་གིས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཉག་ཆུ་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉག་ཆུ་སྤྱི་གཉེར་ཁང་དང་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏང་རྒྱུ་དང་མཉམ་ལས་ཀྱི་རིམ་པ་ཕུན་སུམ་ཚོགས་སུ་གཏང་རྒྱུ་དེ་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་དང་འབྱུང་འཕྲོད་འཕེལ་རྒྱས་ཐད་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས། ཉག་ཆུ་སྤྱི་གཉེར་ཁང་ས་གནས་ཀྱི་འཕེལ་རྒྱས་ནང་དངོས་སུ་ཞུགས་ནས་ཁྲོམ་ར་ཅན་གྱི་བྱ་ཐབས་སྤྱད་དེ་དཀར་མཛེས་ཁུལ་གྱི་འཛུགས་སྐྲུན་ནང་མུ་མཐུད་ཞུགས་ཏེ་ཁེ་ལས་འཕེལ་རྒྱས་དང་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ང་ཚོས་སྔར་བཞིན་ཉག་ཆུ་སྤྱི་གཉེར་ཁང་ཚུད་པའི་ཁེ་ལས་དང་གཉེར་སྐྱོང་བྱེད་པོ་དཀར་མཛེས་ཁུལ་དུ་འཕེལ་རྒྱས་ལས་དར་ཡོང་བར་དགའ་བསུ་ཞུས་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་རྒྱུན་མཐུད་ངང་ལེགས་སུ་གཏོང་ཞིང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསྲུངས་ཤིང་བསྐྱངས་ནས་ཕྱོགས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཆི་ཉིང་ཁྲུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་དཀར་མཛེས་ཁུལ་དང་ཉག་ཆུ་སྤྱི་གཉེར་ཁང་བར་གྱི་མཛའ་གྲོགས་ཟབ་མོ་མུ་མཐུད་དེ་རྒྱུན་འཁྱོངས་དང་། ས་ཁུལ་དང་ཁེ་ལས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལེགས་ཆ་གསབ་རེས་དང་གཉིས་ཁེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་ཡིན་ན། ཉག་ཆུའི་ཆུ་རླུང་འོད་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་གཏོད་ཐུབ་ངེས་རེད། ཉག་ཆུ་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་དང་མཉམ་དུ་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་རླུང་འོད་གསབ་རེས་དང་འབྱུང་འཕྲོད་གཙང་མའི་བསྐྱར་སྐྱེས་ནུས་ཁུངས་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུ་དང་། དཀར་མཛེས་ཁུལ་གྱིས་ནུས་ཁུངས་གཙང་མ་གསར་སྦོལ་བྱས་ཏེ་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་ནས་རྒྱལ་ཁབ་རིམ་པའི་ཆུ་རླུང་འོད་གསོག་འཇོག་དཔེ་སྟོན་རྟེན་གཞི་ཆེ་གྲས་མགྱོགས་མྱུར་བསྐྲུན་རྒྱུ་དང་སི་ཁྲོན་གྱིས་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས།
ཧྥེང་ཧྥ་ཀུའེ་ཡིས་ཉག་ཆུའི་ཆུ་གཉིས་མདོའི་ཆུ་གློག་ཁང་གི་འཕྲུལ་ཚན་ཚང་མར་གློག་གཏོང་འགོ་ཚུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཐཱན་གཉིས”ཀྱི་ལས་དོན་ལ་མཐོང་ཆེན་ཆེན་པོ་གནང་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཛམ་གླིང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་པའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། རང་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་ཡོད་པས། ཉག་ཆུ་སྤྱི་གཉེར་ཁང་གིས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་ཆུ་གཉིས་མདོའི་ཆུ་གློག་ཁང་གི་རྗེས་མཐུད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཞིང་གློག་ཁང་འཁོར་སྐྱོད་དོ་དམ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཆུ་མཛོད་གནས་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་དགོས་པ་དང་། ཁེ་ལས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཁུངས་གཙང་མའི་གསར་སྦོལ་མཉམ་ལས་གཏིང་ཟབ་ཏུ་གཏོང་ཞིང་། ས་ཁུལ་དང་ཁེ་ལས་ཀྱི་མཉམ་ལས་དཔེ་བཟང་མཉམ་དུ་བཏོད་ནས“ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་དང་། འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་དགོས་ཞེས་གསུངས་པ་རེད།
ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་དང་གོ་ཞུའེ་ཡོན་གཉིས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་བཀོད་ཅིང་། གྲོས་མཐུན་ལ་གཞིགས་ན། ཁུལ་སྲིད་གཞུང་དང་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྦོལ་ཚད་ཡོད་སྤྱི་གཉེར་ཁང་གི་ནུས་རྒྱུ་གཙང་མ་གསར་སྦོལ་དང་ལས་གཞི་གལ་ཆེན་གྱི་འཐབ་ཇུས་མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུར་རོགས་རམ་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་ཡོང་བར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10