ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་རྩ་སྤྱད་ནས་དཔྱིད་རྨོད་ལ་སྐུལ་འདེད་བཏང་།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-23

དགུན་གྱི་དུས་ཚིགས་ཡོལ་ཞིང་དཔྱིད་ཀྱི་དཔལ་ཡོན་ཤར་བས། ག་ས་གང་དུ་ལྗང་མདོག་གི་རྣམ་པ་རབ་ཏུ་མངོན། དཔྱིད་རྨོད་གྲ་སྒྲིག་གི་ཡིད་རྟོན་དངུལ་བུན་མཁོ་སྤྲོད་བྱེད་པར་འགན་ལེན་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་གཞོགས་འདེགས་ལ་ཤུགས་རྒྱག་པ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་སྔ་ནུར་བཀོད་སྒྲིག་སྒོས་དཔྱིད་རྨོད་ལ་བྲེལ་བའི་གཞི་རིམ་ཞིང་པ་དང་འབྲེལ་བ་བྱས་ནས། དཔྱིད་རྨོད་གྲ་སྒྲིག་གི་དངུལ་རྩའི་དགོས་མཁོ་བསྐངས་ནས་རྨོ་འདེབས་ཀྱི་དུས་ཚོད་འགོར་འགྱངས་མེད་པར་བྱས།

ད་ཆར། དཀར་མཛེས་ཡན་ལག་དངུལ་ཁང་གིས་ཏང་ཡོན་གདོང་ལེན་རུ་ཁག་དང་མཁོ་མཁན་སྤྱི་གཉེར་བ་སྒྲིག་འཛུགས་བྱས་ནས་ཡུལ་ཤོག(གྲོང་རྡལ)དང་གྲོང་སྡེར་བསྐྱོད་དེ་ཞིང་དུད་ལ་ཐོན་སྐྱེད་དང་འཁོར་རྒྱུག མཁོ་སྤྲོད་འབྲེལ་ཐག་སོགས་ལྷུ་ཚིགས་ཁག་གི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་དུད་ཆེན། ཞིང་དུད་བཅས་དང་དུས་ཐོག་ཏུ་སྦྲེལ་མཐུད་བྱས་ནས་དངུལ་རྩའི་སྲིད་ཇུས་དྲིལ་བསྒྲགས་དང་དངུལ་རྩའི་ཞབས་ཞུ་འོས་སྦྱོར་བྱས་ཏེ། དཔྱིད་རྨོད་གྲ་སྒྲིག་དངུལ་རྩའི་དགོས་མཁོ་མཐིལ་རྟོགས་བྱས་པ་རེད། ཐོན་སྐྱེད་ཅན་དང་འཁོར་རྒྱུག་ཅན། ཞབས་ཞུ་ཅན་སོགས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྟབས་བསྟུན་གྱིས་བེད་སྤྱོད་བྱས་ནས་རྒྱབ་སྐྱོར་བྱས། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ་བརྒྱ་ཆ90ཡན་ལ་ཁྱབ་པའི་ཞིང་ཕན་ཞབས་ཞུའི་ས་ཚུགས་སྤྱད་དེ་གྲོང་སྡེའི་མི་ཚོགས་དང་། མ་དངུལ་འཁོར་རྒྱུག ཆ་འཕྲིན་འཁོར་རྒྱུག་སོགས་ཀྱི་ཐབས་ལམ་ཤར་གཏོང་བྱས་ནས་དྲྭ་ཐོག་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཁྱབ་གདལ་བཏང་སྟེ། ཐོག་མར་དཔྱིད་རྨོད་གྲ་སྒྲིག་ཐོན་སྐྱེད་ཀྱི་དངུལ་བུན་དགོས་མཁོ་བསྐངས་ནས་དཔྱིད་རྨོད་གྲ་སྒྲིག་ལ་སྐུལ་འདེད་བཏང་། རིམ་རྩིས་བྱས་པ་ལྟར་ན། ད་སྔའི་བར་ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར5.51བཏང་ནས2022ལོའི་དཔྱིད་རྨོད་གྲ་སྒྲིག་ལ་སྤྱད་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་དང་ལྕགས་ཟམ་གྱིས་དཔྱིད་རྨོད་ལས་དོན་ཧུར་ཐག་སྤེལ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་རིམས་ཚུལ་འགོག་ཟོན་བྱེད་ཞོར་དཔྱིད་རྨོད་ལས་ལ་བརྩོན།
  • དོ་སྣང་ཆེ་བའི་རྩོམ།