འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

ཐུབ་ཀྱིས་བསྒྱུར།        2022-03-24

 འདབ་པའི་ཕན་རོགས་གནའ་ཤུལ2021ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་དྲུག་གི་གྲལ་མགོར་ཚུད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

   སྤྱི་ཟླ3པའི་ཚེས18ཉིན་ལ། 2021ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོའི་མཇུག་འབྲས་བསྒྲགས་པ་དང་། རང་ཁུལ་འདབ་པ་རྫོང་གི་ཕན་རོགས་རྡོ་ཆས་རྙིང་པའི་དུས་ཀྱི་གནའ་ཤུལ་ཡང་དེའི་གྲལ་དུ་ཚུད་པར་མ་ཟད། གྲལ་མགོར་གནས་པ་རེད།

   ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདབ་པའི་ཕན་རོགས་གནའ་ཤུལ་དུ་རྡོ་ཆས་དང་མེ་སྤྱོད་རྗེས་ཤུལ་ཁྲི་ལྷག་བྱུང་བ་དེས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རིག་གནས་རིམ་གྲལ་མཚོན་བྱེད་རང་བཞིན་ལྡན་པ་ཐོག་མ་བཙུགས་ཡོད་པ་རེད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

   དེ་སྔོན་ཡང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་འདབ་པའི་ཕན་རོགས་སྐོར་གྱི་གནས་ཚུལ་བཀོད་མྱོང་ཡོད།

   སྤྱི་ཟླ2པའི་ཚེས12ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་དང་པོ་ནས་ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། རྡོ་ཆས་རྙིང་བའི་གནའ་རྫས་རྟོག་ཞིབ་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀའོ་ཞིང་དང་།  སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཕན་རོགས་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལག་བསྟར་སྣེ་ཁྲིད་པ་ཀྲེན་ཅེ་ཞན་གཉིས་ཀྱིས་གནའ་རྫས་རྟོག་ཞིབ་ཚན་རིག་ཁྱབ་གདལ་དང་འབྲེལ་བའི་སྤྱི་པའི་སློབ་ཚན་གསོན་ཉམས་ལྡན་པ་ཞིག་འཆད་ཁྲིད་གནང་ཞིང་། གཙོ་བོར་ཕན་རོགས་གནའ་ཤུལ་རྡོ་ཆས་རྙིང་པའི་དུས་རབས་ཀྱི་འགྲོ་བ་མིས་མཐོ་སྒང་གསར་དུ་འདུལ་བའི་བདེན་དཔང་ར་སྤྲོད་གསར་པ་རྙེད་ཡོད་པའི་སྐོར་གསུངས་ཡོད།

   སྤྱི་ལོ2021ལོའི་ཟླ་བ9པའི་ཚེས27ཉིན་ལ། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ལས་གཞི་གལ་ཆེན་གྱི་འཕེལ་རིམ་ལས་དོན་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་བཅིངས་འགྲོལ་གྲོང་རྡལ་ཕན་རོགས་གྲོང་སྡེར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི100ཡས་མས་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཞིག་རྙེད་པ་རེད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

    ཕན་རོགས་གནའ་ཤུལ་ནི་ད་སྔའི་བར་མདོ་དབུས་མཐོ་སྒང་དུ་རྙེད་པའི་རྒྱ་ཁྱོན་ཆེས་ཆེ་བ་དང་། ས་རིམ་གནས་སྟངས་ཆེས་ཡག་པ། ས་རིམ་ཕུང་གཟུགས་མུར་འབྲེལ་བ། རིག་གནས་ཀྱི་རིགས་སྣ་མང་ཕུན་སུམ་ཚོགས་པ་བཅས་ཡིན་པའི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཆེ་གྲས་ཤིག་ཡིན་པ་རེད།

   2021ལོའི་ཟླ་བ4པར། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་པེ་ཅིང་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་ནས་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ཏེ་ཕན་རོགས་གནའ་ཤུལ་སྔོག་འགོ་བཙུགས་པ་དང་། གནའ་ཤུལ་དེ་ཉིད་ལས་ལྷག་གསར་དུས་བསྐལ་ལམ་བྲུག་ཕུང་དུས་བསྐལ་བར་མའི་མཇུག་ནས་ལྷག་གསར་དུས་བསྐལ་ལམ་ཕྱི་མ་ནས་བཟུང་པའི་མུ་ནས་མུ་རུ་འབྲེལ་བའི་ས་རིམ་ཕུང་གཟུགས་དང་རིག་གནས་རིམ་པ་གསལ་རྗེན་དུ་མངོན་ཡོད་ཅིང་། ད་ལྟའི་བར་ལོ་ཁྲི13ལས་མི་ཉུང་བ་དང་། རིག་གནས་ཀྱི་མུར་འབྲེལ་རིམ་པ7གྱི་ནང་ནས་རྡོ་བཟོས་ཐོན་རྫས6000ལྷག་ཐོན་ཞིང་། རྡོ་གསེག་རྡོ་ཆས་ནས་ལག་སྟ་ཚན་བསྡེབས་དང་། དེ་ནས་རྡོ་ལྷེབ་རྡོ་ཆས་བར་གྱི་རྡོ་ཆས་རྙིང་བའི་དུས་རབས་ཀྱི་རིག་གནས་གོང་འཕེལ་རིམ་གྲལ་ཡོངས་སུ་མངོན་ཡོད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

   གསར་རྙེད་གལ་ཆེན་འདི་དག་གིས་ས་གནས་དེ་ག་དང་ཡང་སྒོས་སུ་མདོ་དབུས་མཐོ་སྒང་གི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་སྟོང་ཆ་ཞིག་བསྐངས་ཡོད་ཅིང་། འགྲོ་བ་མི་སྔ་མས་མདོ་དབུས་མཐོ་སྒང་འདུལ་བའི་བརྒྱུད་རིམ་དང་། འགྲོ་བ་མི་སྔ་མའི་མཚོ་འཕགས་མཐོ་བའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ། ཨེ་ཤ་ཡ་ཤར་མའི་ལག་སྟའི་ཁྱབ་ཚུལ་དང་འབྱུང་ཁུངས་འཚོལ་ཞིབ། དེ་བཞིན་ཤར་ནུབ་ཀྱི་མི་ཚོགས་གནས་སྤོ་དང་རིག་གནས་སྤེལ་རེས་བཅས་ཀྱི་རིག་གཞུང་གནད་དོན་གལ་ཆེན་ཞིབ་འཇུག་བྱེད་པར་སྐུལ་འདེད་ཤུགས་ཆེན་ཐེབས་ཐུབ་པ་དང་། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་གནའ་བའི་རྒྱུད་ཁོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཧྭ་ཞའི་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་འབྱུང་རྩ་ཕུགས་འདེད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

   ན་ལོའི་སྤྱི་ཟླ12པ་ནས་བཟུང་། རང་ཁུལ་གྱིས་འདབ་པ་རྫོང་གནམ་རིག་གནའ་རྫས་གླིང་ག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་ཆེན་རྒྱལ་སའི་བར་ཁོངས་འཆར་འགོད་ཞིབ་འཇུག་ཁང་ལ་མངགས་བཅོལ་བྱས་ཏེ་འདབ་པ་རྫོང་གནམ་རིག་གནའ་རྫས་གླིང་ག་སྲུང་སྐྱོང་བེད་སྤྱོད་འཆར་འགོད་སྒྲིག་བཟོའི་མ་ཟིན་བཟོས་ཤིང་ཆེད་དོན་ཞིབ་འཇུག་ཐེངས་མང་ཡང་བྱས་ཡོད།

འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།
འདབ་པའི་ཕན་རོགས་གནའ་ཤུལ་སྐོར་གྱི་འཕྲིན་གསར།

   འཆར་འགོད་གསར་པར་གཞིགས་ན། གནམ་རིག་ཚན་རིག་གླིང་དང་ཕན་རོགས་གནའ་ཤུལ་གླིང་ག་གཙོ་གནད་ས་ཁོངས་གཅིག་ཏུ་རྩིས་པ་དང་།  མཚོ་ལ་དང་མིང་མེད་རི་དང་དཔའ་བ་རི་བཅས་ཀ་སྐྱོར་ལྟ་བུའི་ཚུལ་དུ་གནས་པའི་གཅིག་ཐོག་གསུམ་སྣོན་གྱི་རྣམ་པ་ཞིག་ཆགས་ཡོད་ཅིང་། གཙོ་གནད་ས་ཁོངས་སུ་ཕན་རོགས་གནའ་ཤུལ་དང་བྱི་རྟའི་གཞུང་ཐིག་གི་རིམ་གཉིས་པའི་ཨར་ལས། གསལ་ལའི་མེ་ཏོག་རྒྱ་མཚོ། བཅིངས་འགྲོལ་འདམ་རའི་གླིང་ག། ཡུལ་ཤོག་དང་གྲོང་སྡེ་བཅས་འདུས་ཤིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ21.5ལ་ཟིན་ཡོད།

 


  • ལེ་ཚན་སྔོན་མ།:རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་པའི་ཟམ་ཆེན་དང་ཕུག་ལམ།
  • ལེ་ཚན་རྗེས་མ།:མི་ཚེའི་ལོངས་སྤྱོད་ངོ་མཚར་ཆེ་བ་དེ།། འཚོ་བར་དགའ་བའི་ཞེན་པ་འཁྱོངས་ལ་རག།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10