དར་མདོར་མི་འདི་གཉིས་དང་ཉེ་སར་བཅར་མྱོང་ན་ཉེན་ཁ་ཆེ།

        2022-03-25

   2022ལོའི་ཟླ3ཚེས23ཉིན། དར་མདོ་གྲོང་ཁྱེར་རིམས་ནད་འགོག་ཟོན་བཀོད་འདོམས་པུའུ་ལ་གོང་རིམ་གྱི་བརྡ་སྦྱོར་འབྱོར་བ་ལྟར་ན། ཕྱི་རྒྱལ་དུ་ཏོག་གསར་ནད་གཞི་གཏན་ཁེལ་གྱི་ནད་པ་དང་ཉེ་སར་བཅར་མྱོང་བའི་ཁྲེན་ཆེ་གེ་མོ་དང་ཙེང་ཆེ་གེ་མོ་གཉིས་ཟླ3པའི་ཚེས21ཉིན་དར་མདོར་འབྱོར་ནས་དར་མདོ་གྲོང་ཁྱེར་དུ་བསྡད། ད་སྔར་ནད་པ་དང་ཉེ་སར་བཅར་མྱོང་མཁན་དེ་གཉིས་རྗེས་འདེད་ཐུབ་ནས་གཅིག་སྡུད་ངང་ལོགས་སུ་བཀར་ཡོད། སྔར་ལས་ལྷག་པའི་སྒོ་ནས་མི་སྣ་དེ་གཉིས་དང་ཉེ་སར་བཅར་མྱོང་མཁན་ཤེས་རྟོགས་འབྱུང་ཆེད། དེ་གཉིས་དར་མདོ་ནས་ས་གནས་གང་དུ་སོང་མྱོང་བ་གཤམ་ལྟར།


ཟླ3པའི་ཚེས21ཉིན།

ཆུ་ཚོད12དང་སྐར་མ04ཡི་ཐོག་རླངས་འཁོར་ཨང་རྟགས川L·W2715ཅན་བསྐོར་ནས་དར་མདོ་གྲོང་ཁྱེར་དུ་འབྱོར།

ཆུ་ཚོད12དང་སྐར་མ50ནས་ཆུ་ཚོད13དང་སྐར་མ30བར་དར་མདོའི་ཏ་ཐུང་སིལ་ཟས་ཁང大同小吃店(ནུབ་ཀྱི་ཁྲོམ་ཆེན། འོད་ཟེར་སྡེ་ཁུལ་གཞུང་ལས་ཁང་གི་ཁང་འོག)དུ་ཟ་མ་ཟོས།

ཆུ་ཚོད15དང་སྐར་མ50ནས16བར། རྒྱུ་ལའི་ལ་མགོའི་ཁམས་བདེ་སྒོ་རྩིས་ཚོང་ཁང་གི་སྤྱི་པའི་ཆབ་ཁང་དུ་སོང་།

ཆུ་ཚོད17དང་སྐར་མ33ཐོག་ར་རྔ་ཁ་གྲོང་རྡལ་དུ་འབྱོར་ནས་དབྱི་ཧྲ་མགྲོན་ཁང་དུ་བསྡད།

ཆུ་ཚོད19ནས་ཆུ་ཚོད20དང་སྐར་མ30བར་ར་རྔ་ཁ་གྲོང་རྡལ་གྱི་ཞའོ་ཀྲི་ཉིའུ་རྒྱ་ཁོག་ཁང་དུ་ཟ་མ་ཟོས།

ཟླ3ཚེས22ཉིན་གྱི་ཆུ་ཚོད8དང་སྐར་མ20ཐོག་རླངས་འཁོར་བསྐོར་ཏེ་དར་མདོ་ནས་སོང་།

     ཁྱེད་དང་ཁྱིམ་མིའི་བདེ་ཐང་གི་ཆེད་དུ། དུས་ཚོད་དེ་དག་ཏུ་དེ་གཉིས་དང་ཉེ་སར་བཅར་མྱོང་མཁན་ཡོད་ན་འཕྲལ་མར་རང་ཉིད་ཡོད་སའི་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་ལམ)ལ་སྙན་སེང་ཐོ་འགོད་བྱེད་པ་དང་འབྲེལ་གཤམ་གྱི་བླང་བྱ་ལྟར་འཕྲོད་བསྟེན་བདེ་ཐང་ཚན་པར་གཞོགས་འདེགས་ཧུར་ཐག་བྱས་ནས་ཉིང་སྐྱུར་དཔེ་བཤེར་དང་། གཅིག་སྡུད་ཟུར་བཀར། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱ་དགོས།

(1)གོང་གསལ་གྱི་དུས་ཚོད་དེ་དག་ཏུ་མི་དེ་གཉིས་ལ་ཉེ་སར་བཅར་མྱོང་མཁན་ཡིན་ན། མྱུར་དུ་དར་མདོ་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས(18383637888)དང་། གཉའ་ལུང་མགོ་ཁྲོམ་ལམ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས(18990464280)དང་། ར་རྔ་ཁ་གྲོང་རྡལ་འཕྲོད་བསྟེན་ཁང(15196314563)བཅས་དང་འབྲེལ་བ་བྱས་ནས། གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་ལྟེ་གནས(18990459161)སུ་གཅིག་སྡུད་ཐོག་ནས་ཟུར་བཀར་བྱས་ནས་གསོ་རིག་གིས་ལྟ་ཞིབ་བྱ་དགོས་པ་དང། གལ་ཏེ་དར་མདོ་ནས་ས་ཆ་གཞན་དུ་སོང་བ་ཡིན་ན་དུས་ཐོག་ཏུ་རང་ཉིད་གནས་སའི་གྲོང་རྡལ(ཡུལ་ཤོག་དང་ཁྲོམ་ལམ)ལ་སྙན་སེང་ཐོ་འགོད་བྱེད་པ་དང་འབྲེལ་ས་གནས་དེ་གའི་རིམས་འགོག་དོ་དམ་ལ་བརྩི་སྲུང་ཞུ་དགོས།

(2)ཚེས21ཉིན་གྱི་ཆུ་ཚོད13དང་སྐར་མ30ཡི་རྗེས་སུ་ཉིན་དེར་དར་མདོའི་ཏ་ཐུང་སིལ་ཟས་ཁང大同小吃店དུ་ཟ་མ་ཟ་མྱོང་མཁན་གྱི་གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་མི་ཆོག། དུས་ཐོག་ཏུ་ཉིང་སྐྱུར་དཔེ་བཤེར་ས་ཚིགས་སུ་ཉིན་གསུམ་ལ་ཞིབ་བཤེར་ཐེངས་མ་གཉིས་བྱ་དགོས། དེའི་རིང་ལ་ཕྱིར་བསྐྱོད་མི་ཆོག་ལ་འདུ་འཛོམས་བྱ་མི་ཆོག།  

     ཚེས22ཉིན་ནས་ཚེས23ཉིན་བར་དར་མདོའི་ཏ་ཐུང་སིལ་ཟས་ཁང大同小吃店དུ་ཟ་མ་ཟ་མྱོང་མཁན་གྱི་གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་ཆོག་ལ། དུས་ཐོག་ཏུ་ཉེ་འགྲམ་གྱི་ཉིང་སྐྱུར་དཔེ་བཤེར་ས་ཚིགས་སུ་བསྐྱོད་དེ་ཉིང་སྐྱུར་དཔེ་བཤེར་བྱས་ནས་མཇུག་འབྲས་མ་ཐོན་གོང་ཕྱིར་བསྐྱོད་མི་ཆོག་ལ་འདུ་འཛོམས་བྱ་མི་ཆོག།

(3)ཚེས22ཉིན་ནས་ཚེས23ཉིན་བར་ར་རྔ་ཁ་གྲོང་རྡལ་དབྱི་ཧྲ་མགྲོན་ཁང་དུ་བསྡད་པ་དང་ཞའོ་ཀྲི་ཉིའུ་རྒྱ་ཁོག་ཟ་ཁང་དུ་རྒྱ་ཁོག་ཟ་མྱོང་མཁན་གྱི་གྲོང་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་རྒྱུ་མེད་ལ་དུས་ཐོག་ཏུ་ཉེ་འགྲམ་གྱི་ཉིང་སྐྱུར་དཔེ་བཤེར་ས་ཚུགས་སུ་བསྐྱོད་དེ་ཉིང་སྐྱུར་དཔེ་བཤེར་བྱས་ནས་མཇུག་འབྲས་མ་ཐོན་གོང་ཕྱིར་བསྐྱོད་མི་ཆོག་ལ་འདུ་འཛོམས་བྱ་མི་ཆོག།

     རྒྱ་ཆེའི་མང་ཚོགས་ཀྱིས་གཞུང་ཕྱོགས་ཀྱི་བརྡ་སྦྱོར་ཡོངས་བསྒྲགས་བྱ་རྒྱུར་དོ་ཁུར་བྱས་ཏེ་རང་འགུལ་ངང་ཆ་འཕྲིན་མཁོ་འདོན་བྱ་རྒྱུ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས། དཀྲོག་གཏམ་མི་བཤད་པ་བཅས་ཀྱིས་གོམ་གང་མདུན་སྤོས་ཀྱིས་འགོག་ཟོན་གྱི་འདུ་ཤེས་ཆེ་རུ་གཏང་དགོས་པ་དང་། རང་འགུལ་ངང་འགོག་ཁབ་བརྒྱབ་ནས་རང་ཉིད་དང་ཁྱིམ་མི་རྣམས་ཀྱི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱ་དགོས།

2022ལོའི་ཟླ3ཚེས23ཉིན།


ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མི་ཚེའི་ལོངས་སྤྱོད་ངོ་མཚར་ཆེ་བ་དེ།། འཚོ་བར་དགའ་བའི་ཞེན་པ་འཁྱོངས་ལ་རག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།