ཧྲེན་དབྱང་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀར་ལྐོག་ཞིབ་གནང་འདུག།

ཐུབ་ཀྱིས་བསྒྱུར།        2022-03-31

    ཧྲེན་དབྱང་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀར་ལྐོག་ཞིབ་གནང་འདུག།

   འདི་ཟླའི་ཚེས29ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་བརྡ་ཐོ་མི་གཏོང་བ་དང་། སྐད་མི་གཏོང་བ། སྙན་སེང་ལ་མི་ཉན་པ། ལྷན་ཕེབས་དང་སྣེ་ལེན་མི་དགོས་པ། ཐད་ཀར་གཞི་རིམ་དང་ཡུལ་དངོས་སུ་སོང་བའི་ཉེན་མེད་ཐོན་སྐྱེད་ཀྱི་ལྐོག་འདྲི་ལྐོག་ཞིབ་ལམ་ལུགས་ལག་ལེན་བསྟར་ནས། དར་མདོ་གྲོང་ཁྱེར་གྱི་གཡག་རྭ་ཡུལ་ཤོག་ཟམ་གསུམ་གྲོང་སྡེ་དང་ཁྲོན་བོད་ལྕགས་ལམ་དར་མདོ་ས་ཚུགས་དང་དར་མདོའི་ཕུག་ལམ་དང་པོའི་ལས་ཡུལ། མི་རྒོད་མཚོ་ལྗོངས་ཁུལ། ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་བསྒྲུབས་ཚུལ་དང་ཐོན་སྐྱེད་ཉེན་མེད་བྱས་ཚུལ་སོགས་ལ་དམིགས་ནས་ལྐོག་ཞིབ་ལྟ་སྐུལ་དང་ཁྲིད་སྟོན་གནང་ཞིང་། ད་དུང་གཟུགས་ལམ་ནས་རྫོང་ཁ་ཤས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་འབྲེལ་ཡོད་འགན་གཙང་ལེན་འགན་འཁྲི་བ་ལས་གནས་སུ་ཡོད་མེད་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

ཧྲེན་དབྱང་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀར་ལྐོག་ཞིབ་གནང་འདུག།

    ཧྲེན་དབྱང་གིས་རིམ་ཁག་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་སུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སྟེས་དབང་གི་བསམ་བློ་དང་ལྷོད་གཡེང་གི་བསམ་པ། སྒྱིད་ལུག་གི་ངང་ཚུལ་བཅས་འདོར་བ་དང་། ལས་སྒྲུབ་ཀྱི་ཚན་པ་ཆེས་ཆུང་བ་རུ་འགན་འཁྲི་ཁག་དོན་ཐོག་ནན་ལ་འཁྱོལ་ཐུབ་པའི་སྒོ་ནས། མིས་བཟོས་ནགས་ཚལ་མེ་སྐྱོན་ཚབས་ཆེན་མི་འབྱུང་བ་དང་མི་སྣ་ཤི་རྨས་ཚབས་ཆེན་མི་འབྱུང་བའི་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས་ལ། ནོར་འཕྱུགས་གཏན་ནས་འབྱུང་མི་རུང་ཞིང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་གནོད་པ་གཏན་ནས་བཟོ་རྒྱུ་མེད་ཅེས་ནན་གསུང་གནང་བ་རེད།།

ཧྲེན་དབྱང་གིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀར་ལྐོག་ཞིབ་གནང་འདུག།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་འབོ་པ་སློབ་ཆུང་གིས་སློབ་མར་རྫ་ཆས་ཤུལ་བཞག་རིག་གནས་ཉམས་སུ་མྱོང་བའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གྲོག་རོང་དུ་མཚེའུ་འཇམ་པོ་ཆགས།། འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ།།
  • དོ་སྣང་ཆེ་བའི་རྩོམ།