གཏམ་བཟང་། ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་བྱ་རྒྱུ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-31

       སྤྱི་ཟླ་3ཚེས་28ཉིན་ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚེས་28ཉིན་ཡིག་ཆ་བཀྲམ་ནས་ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལྟ་སྐྱོང་གི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་བྱས་ཡོད་ཅེས་འཁོད་ཡོད་པ་རེད། ཡིག་ཆའི་ནང་།

       གཅིག ཁྲལ་འཇལ་མཁན་གྱིས་ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་པའི་འབྲེལ་ཡོད་འགྲོ་སོང་ལྟར་ཕྲུ་གུ་དམར་འབྱར་ལ་ཟླ་རེར་སྒོར་1000གི་ཚད་གཞི་ལྟར་འཕྲི་འཐེན་བྱ་རྒྱུ། 

       གཉིས། ཕ་མས་ཕྱོགས་གཅིག་གིས་འཐེན་བྱའི་ཚད་གཞིའི་བརྒྱ་ཆ་བརྒྱ་བདམས་ནས་འཕྲི་འཐེན་བྱ་ཆོག་ལ། ཕྱོགས་གཉིས་ཀས་ཁག་སོ་སོར་འཐེན་བྱའི་ཚད་གཞིའི་བརྒྱ་ཆ་ལྔ་བཅུ་རེ་བདམས་ནས་འཕྲི་འཐེན་བྱས་ཀྱང་ཆོག འཐེན་སྟངས་ཞིབ་ཕྲ་དེ་ཁྲལ་འཇལ་བའི་ལོ་འཁོར་གཅིག་གི་ནང་བསྒྱུར་བཅོས་བྱ་མི་ཆོག 

       གསུམ། ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལྟ་སྐྱོང་བྱེད་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་དང་འབྲེལ་བ་ཡོད་པའི་འགན་སྲུང་བྱ་ཐབས་དང་དོན་ཚན་གཞན་དག་རྣམ་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ལག་ལེན་བསྟར་དགོས། 

       བཞི། ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་བྱེད་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཕྲི་འཐེན་དེ་སྤྱི་ལོ་2022ལོའི་ཟླ་1པོའི་ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:C6ཁ་ལོ་བའི་འཛིན་ཡིག་གང་ལྟར་ལེན་དགོས་སམ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་འབོར་ཚད་འདང་ངེས་དང་གོང་ཚད་བརྟན་པོ་ཡོད་ཅིང་། ཉེན་ཁ་དང་འགྲན་རྩོད་དག་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10