སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-30

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཨང་ཀིའི་བཅོས་བསྒྱུར་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད།

     སྤྱི་ཟླ3པའི་ཚེས25ཉིན་ལ་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཨང་ཀིའི་བཅོས་བསྒྱུར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཨང་ཀིའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་ཨང་ཀིའི་དཀར་མཛེས་ཁུལ་འཛུགས་པར་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་འདུར་ཞུགས། ཚོགས་འདུར་ཀྲེ་ཅང་སློབ་ཆེན་རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཅིན་ཞའོ་ཀང་གིས་ཆེད་དོན་འཆད་ཁྲིད་གནང་། ཅིན་ཞའོ་ཀང་གིས《ཨང་ཀིའི་དཔལ་འབྱོར་དང་སྲིད་གཞུང་གི་ཨང་ཀི་ཅན་གྱི་བཅོས་བསྒྱུར》ཞེས་པ་གཙོ་དོན་བྱས་ཏེ། ཨང་ཀིའི་དཔལ་འབྱོར་ཐོན་པ་དང་འཕེལ་རྒྱས། བཀོལ་སྤྱོད་བཅས་གཙོ་བོར་བྱས་ནས་ཨང་ཀིའི་བཅོས་བསྒྱུར་དང་། ཨང་ཀི་ཆེན་མོ་བེད་སྤྱོད། ཨང་ཀི་ཅན་ཚུལ་སྒྱུར་སོགས་ཐད་ཀྱི་ཀྲེ་ཅང་གི་ཉམས་མྱོང་དང་བྱེད་སྟངས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་ཨང་ཀིའི་དཔལ་འབྱོར་དང་སྲིད་གཞུང་གི་ཨང་ཀི་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དོན་སྙིང་དང་ལས་ཀའི་གཙོ་གནད་ལ་དབྱེ་ཞིབ་བྱས་པ་རེད། ཚོགས་ཞུགས་མི་སྣས་ནན་ཏན་གྱིས་ཉན་པ་དང་། ཟིན་ཐོ་འགོད་པ། བསམ་བློ་གཏོང་བར་མ་ཟད། ད་དུང་འཆད་ཁྲིད་ཀྱི་དོན་སྙིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡིན་པས། ང་ཚོས་ཨང་ཀིའི་བསམ་གཞིགས་ལ་བརྟེན་ནས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་བློ་སྒོ་འབྱེད་པའི་ནུས་པ་གལ་ཆེན་ཡོད། ཨང་ཀིའི་དཀར་མཛེས་ཁུལ་འཛུགས་པའི་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཨང་ཀིའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་ཨང་ཀི་ཅན་འཛུགས་པར་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་ཚད་དང་ལས་ཕྱོད། དེ་བཞིན་སྒུལ་ཤུགས་བཅས་བསྒྱུར་བར་སྐུལ་འདེད་བཏང་སྟེ་ཨང་ཀིའི་དཀར་མཛེས་ཁུལ་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཧྲེན་དབྱང་གིས་ཨང་ཀིའི་ཐོན་ལས་ཅན་དང་ཐོན་ལས་ཨང་ཀི་ཅན་དེ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་སུ་གྱུར་ཡོད། ཨང་ཀིའི་དཀར་མཛེས་ཁུལ་འཛུགས་པ་དེ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྐྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོའི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་ལ། བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ལྡོག་མེད་བླང་བྱ་ཞིག་དེ་ལས་ཀྱང་རེད། རིམ་པ་ཁག་དང་སྡེ་ཁག་ཁག་གིས་ངོས་འཛིན་ཇེ་ཆེ་དང་བསམ་བློ་གཅིག་གྱུར་གྱིས་ཨང་ཀིའི་ཀྲུང་གོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་དང་ཨང་ཀིའི་དཀར་མཛེས་ཁུལ་འཛུགས་པར་དངོས་ཡོད་ཀྱི་དགོས་མཁོ་དང་། རྨང་གཞིའི་ཆ་རྐྱེན། བར་ཁོངས་བཅས་ཡོད་པར་ངོས་འཛིན་གང་ལེགས་བྱ་དགོས་ན་ངེས་པར་དུ་ཁྱོན་ཡོངས་ཀྱི་བསམ་ཇུས་གཅིག་དང་ཁུལ་ཡོངས་ནས་འབད་བརྩོན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ་ཨང་ཀི་ཅན་གྱི་ལག་རྩལ་དང་བསམ་གཞིགས། ངོས་འཛིན་བཅས་གཅིག་གྱུར་ཐོག་སྤྱད་ནས་ཨང་ཀིའི་དཀར་མཛེས་ཁུལ་འཛུགས་པར་རྣམ་པ་གསར་པ་ཐོན་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་གསོན་ཤུགས་འཕེལ་བར་བྱ་དགོས་ཞེས་གསུངས། ཧྲེན་དབྱང་གིས་ནན་གསུང་གནང་དོན། གཙོ་གནད་མངོན་གསལ་དོད་པོ་དང་ཁ་ཕྱོགས་འཕྱུགས་མེད་འཚོལ་དགོས། ཨང་ཀིའི་ཏང་སྲིད་འཛུགས་རྒྱུར་དམིགས་ནས་སྲིད་དོན་ཞབས་ཞུའི་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཁྱོན་ཡོངས་ལ་ཁྱབ་པ་དང་། ཁྱོན་ཡོངས་མཉམ་འགུལ་བྱེད་པ། ཁྱོན་ཡོངས་སུ་ཡོངས་བསྒྲགས་བྱེད་པ་བཅས་ཀྱི་འབྲེལ་དྲྭ་དང་སྲིད་དོན་ཞབས་ཞུ་སྦྲེལ་བའི་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས། ཨང་ཀིའི་ཞབས་ཞུ་ཆེ་རུ་གཏང་རྒྱུར་དམིགས་ནས་ཨང་ཀི་འཛུགས་སྐྱོང་དང་སྤྱི་པའི་ཞབས་ཞུ་ཟུང་འབྲེལ་བྱས་ཏེ་སློབ་གསོ་དང་སྨན་བཅོས། རྒན་གསོ། ཆུང་སྐྱོང་། ལས་ཞུགས་སོགས་ཀྱི་ཐད་ཨང་ཀི་ཅན་གྱི་ཞབས་ཞུས་ཀུན་ལ་ཕན་པ་འདོགས་རྒྱུ་ཁྱབ་གདལ་གཏང་དགོས། ཨང་ཀིའི་དཔལ་འབྱོར་སྐྱེད་སྲིང་བྱ་རྒྱུར་དམིགས་ནས་ཨང་ཀིའི་ལག་རྩལ་དེ་ཐོན་སྐྱེད་དང་གཉེར་སྐྱོང་། དོ་དམ། བྲིན་ཚོང་སོགས་སུ་སྤྱད་དེ་ཨང་ཀིའི་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་དཔེ་མཚོན་གསར་པ། ལས་ཚུལ་གསར་པ་བཅས་སྐྱེད་སྲིང་བྱ་དགོས། ཨང་ཀིའི་སྤྱི་ཚོགས་བསྐྲུན་རྒྱུར་དམིགས་ཏེ5Gལག་རྩལ་བེད་སྤྱོད་གཙོས་པའི་རྨང་གཞིའི་འཛུགས་སྐྲུན་གསར་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་རིག་ལྡན་འགྲིམ་འགྲུལ་དང་རིག་ལྡན་ལྗོངས་ཁུལ། རིག་ལྡན་སྤྱི་ཁུལ། ཨང་ཀིའི་ཡུལ་སྡེ་སོགས་མགྱོགས་པོར་བསྐྲུན་དགོས། ཨང་ཀིའི་ཁྲིམས་སྐྱོང་ལ་ཤུགས་བརྒྱག་རྒྱུར་དམིགས་ནས་བདེ་འཇགས་ཀྱི་རིག་ལྡན་གཞིས་ཁུལ་དང་ཆོས་ལུགས་ཆ་འཕྲིན་ཅན་གྱི་དོ་དམ་ཞབས་ཞུའི་ལས་སྟེགས་བསྐྲུན་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཤེས་བྱ་གསར་པ་སློབ་སྦྱོང་དང་བྱེད་ཐབས་གསར་པ་ཁོང་དུ་ཆུད་པར་བྱས་ཏེ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མ་སྐུལ་དང་བླངས་ངང་བྱས་རྗེས་འཇོག་པ་དང་མཉམ་འགུལ་མཉམ་ལས་བྱས་ནས་འགན་འཁྲིའི་མ་ལག་དང་དོན་འཁྱོལ་མ་ལག་འཐུས་ཚང་དུ་བཏང་སྟེ《དཀར་མཛེས་ཁུལ་གྱི་ཆ་འཕྲིན་ཅན་གྱི་ལས་གཞི་འཛུགས་སྐྲུན་དོ་དམ་བྱ་ཐབས》མྱུར་དུ་བཟོས་ནས་ས་གནས་ཁག་དང་སྡེ་ཚན་ཁག་གི་ཨང་ཀིའི་བཅོས་བསྒྱུར་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་ཆ་རྐྱེན་ཡོད་པའི་ས་ཁུལ་དང་སྡེ་ཚན། ལས་རིགས་བཅས་ཀྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་མ་བཏང་ནས་ཁུལ་ཡོངས་ཀྱི་ཨང་ཀིའི་བཅོས་བསྒྱུར་གྱི་ལམ་བུ་འཚོལ་ཞིབ་བྱ་དགོས།། 

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྦྲེལ་བ་ལྔས་ནགས་ཚལ་རྩྭ་ཐང་མེ་ཟོན་ལས་ཀ་ནན་འཛིན་བྱས།
  • ལེ་ཚན་རྗེས་མ།:གྲོང་སྡེ་དང་སྤྱི་ཁུལ་གྱི་ནགས་ཚལ་མེ་ཟོན་བྱ་དགའ་དང་ཁ་གསབ་ཀྱི་ཚོད་ལྟའི་བྱེད་ཐབས་དངོས་སུ་བཏོན།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10