ཀྲུང་དབྱང་གིས་དུས་མཚམས་དང་པོའི་ཤང་ཀང་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་སྨན་བཅོས་སྒྲིག་ཆས་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-29

ཀྲུང་དབྱང་ནས་རོགས་སྐྲུན་བྱས་པའི་ཤང་ཀང་ཡོན་ལང་སྡེ་ཁུལ་ལོགས་དབྱེའི་སྒྲིག་ཆས་སྤྱི་ཚེས་24ཉིན་གྱི་ཕྱི་དྲོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ལ་རྩིས་སྤྲོད་གནང་ཡོད་པ་དང་། དེས་ཀྲུང་དབྱང་གིས་དུས་མཚམས་དང་པོའི་ཤང་ཀང་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་སྨན་བཅོས་སྒྲིག་ཆས་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་པ་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་དུས་མཚམས་དང་པོའི་ཤང་ཀང་ལ་རོགས་སྐྱོར་བྱེད་པའི་སྒྲིག་ཆས་དྲུག་སྤྱི་ཟླ་3པའི་ནང་ཚུན་དུ་ཆ་ཚང་རྩིས་སྤྲོད་བྱ་རྒྱུ་ཡིན་པ་དང་། ཁྱོན་བསྡོམས་མལ་ཁྲི་ཁྲི་གཉིས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། དེས་ཤང་ཀང་གི་སྨན་བཅོས་མ་ལག་གི་གནོན་ཤུགས་ཆུང་དུ་བཏང་ཡོད་ལ། རིམས་འགོག་ཆེད་རོགས་སྐྱོར་ནུས་ལྡན་བྱས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་བཅས་ནས་ངག་བསྡམས་མྱ་ངན་ཞུས་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།