ཞི་ཅིན་ཕིང་བཅས་ནས་ངག་བསྡམས་མྱ་ངན་ཞུས་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-03-29

ཞི་ཅིན་ཕིང་བཅས་མགོ་ཁྲིད་བློ་མཐུན་གྱིས་ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་ཁང་གི་གནམ་གྲུའི་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་མྱ་ངན་ཞུས་པ།

སྤྱི་ཟླ་3པའི་ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྐོང་འཚོགས་བྱས་ནས། ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་ཐད་ལ་ཞིབ་འཇུག་བྱས་པ་རེད། གྲོས་ཚོགས་འགོ་ཚུགས་སྐབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་གྲོས་འགོ་བཏོན་པར་བརྒྱུད། གྲོས་ཚོགས་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སོགས་ཡར་བཞེངས་ནས། 3·21ཉིན་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735གནམ་གྲུའི་ཆག་སྒོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་མྱ་ངན་ཞུས་པ་རེད།


  • ལེ་ཚན་སྔོན་མ།:གནམ་གྲུའི་དོན་རྐྱེན་གྱི་བརྟག་དཔྱད་མཇུག་འབྲས་ག་དུས་ཤེས་ཐུབ་བམ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གིས་དུས་མཚམས་དང་པོའི་ཤང་ཀང་ལ་རོགས་སྐྱོར་བྱེད་པའི་རིམས་འགོག་སྨན་བཅོས་སྒྲིག་ཆས་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།