ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་རིམས་ནད་འགོག་ཟོན།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-28

སྤྱི་ཟླ3ཚེས23ཉིན་ལ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་རིམས་ནད་ཟོན། ཉེན་མེད་ཐོན་སྐྱེད་བཅས་ཀྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ནས་ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ཉེ་དུས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་འཚུབ་བསྟུན་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་འཚུབ་བསྟུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིའེ་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ། ཞིང་དཔོན་ཧོང་ཆང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ཉེ་དུས་སུ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་། རིམས་ནད་འགོག་ཟོན། ཉེན་མེད་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་བ་རེད། ཚོགས་འདུར་སྤྱི་ཟླ3པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་ཁག་གི་འགན་ལེན་སྟོབས་ཤུགས་ཚང་མ་འཐབ་ཕྱོགས་དང་པོར་ཁྱབ་པ་དང་། ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་བྱེད་པ། བརྟག་ཞིབ་ཆེ་མོ་བྱས་པས། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་རྒྱུན་མཐུད་བརྟན་བརླིང་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད།

ཚོགས་འདུར་འབད་བརྩོན་ཆེན་པོས་མེ་ཟོན་མེ་གསོད་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས“མཐིལ་ཚད་གཉིས”མཐའ་གཅིག་ཏུ་བསྲུང་དགོས་པའི་བླང་བྱ་བཏོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འཚུབ་བསྟུན་འགན་ལེན་ཡག་པོ་བྱས་ནས་ས་གནས་ཀྱི་ཆེད་ལས་དང་ཆེད་ལས་ཕྱེད་མའི་མེ་གསོད་སྟོབས་ཤུགས་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།དངོས་ཟོག་གྲབས་གསོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འཚུབ་བསྟུན་བྱ་ཐབས་དང་དངོས་འཐབ་ཐག་གཅོད་ནུས་པ་ཆེ་རུ་ཏན་ཏིག་གཏང་དགོས། མང་ཚོགས་ལ་སྟབས་བདེར་བསྐྲུན་ནས་གཙོ་གནད་མི་སྣ་དང་གནས་ཡུལ་ལ་གནད་སྨིན་ལྟ་ཞིབ་བྱས་ཏེ་གཞི་རིམ་གྱི་ཁ་གཏད་གཅོག་ནུས་ཆེ་རུ་གཏང་དགོས། “ཕྱོགས་བཞིའི”འགན་འཁྲི་མུ་མཐུད་ནན་དུ་གཏོང་བ་དང་རིམས་ནད་འགོག་ཟོན་བྱ་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ནས་རྒྱལ་ཁ་འཐོབ་གང་ཐུབ་བྱ་དགོས། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བ་དེ་རྟག་ཏུ་དམ་པོར་བཟུང་ནས་གཅིག་པུར་རང་ཞིབ་དང་ལས་འཛོལ་ཕྲན་བུ་ཐོན་རྒྱུར་ཡིད་གཟབ་བྱ་དགོས། གཙོ་གནད་ལས་རིགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཤུགས་ཆེན་སྤེལ་ཏེ་ཨར་སྐྲུན་ཨར་ལས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། མེ་ཟོན་ཁྱབ་ཁོངས། རྡོ་སོལ་མིན་པའི་གཏེར་རི། ཆུ་གློག་ཁང་བཅས་ལ་ཁྲིམས་སྐྱོང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཐོག་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་ནན་པོ་བྱས་ཤིང་།མི་སྣ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་ལས་འཛོལ་ཐོན་ཚད་དང་མི་འབོར་གཉིས་ཀ་མར་ཆག་པའི་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།: ཧྥེང་ཧྥ་ཀུའེ་ཡིས2022ལོའི《སྲིད་གཞུང་ལས་དོན་སྙན་སེང》གི་གཙོ་གནད་ལས་འགན་སྐུལ་སྤེལ་ཚོགས་འདུ་དང་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང
  • ལེ་ཚན་རྗེས་མ།:གྱ་གྱུ་གྲོང་གི་ཡུལ་ཕྱོགས་ན།། དཔྱིད་ཀྱི་སྒེག་ཉམས་རབ་ཏུ་མངོན།།
  • དོ་སྣང་ཆེ་བའི་རྩོམ།